ལྷ་སའི་ནོར་བུ་གླིང་གར་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་པ།
འཁྲབ་སྟོན་ཡུལ་དངོས།
འཁྲབ་སྟོན་ཡུལ་དངོས་ལ་སླེབས་བཞིན་པ།
ཡུལ་དངོས་ཀྱི་རྣམ་པ།
ཟླ5བའི་ཚེས1ཉིན། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་སྙན་ཞུའི་འཁྲབ་སྟོན་དེ་ལྷ་སའི་ནོར་བུ་གླིང་གར་གཟབ་རྒྱས་ངང་སྤེལ་ལ། ཐེངས་འདིའི་འཁྲབ་སྟོན་ནི་ལྷ་ས་གྲོང་ཁྱེར་མཁར་སྲུང་ཁུལ་ཉང་རའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནང་ལོག་ཏུ་བསྐྱོད་དེ《བོད་ཀྱི་ཟློས་གར་ཆེན་མོ་བརྒྱད》ཕབ་བསྐྲུན་བྱས་རྗེས་ཀྱི་འཁྲབ་སྟོན་ཐོག་མ་ཡིན།
འཁྲབ་སྟོན་བྱེད་བཞིན་པ།
《ཆོས་རྒྱལ་ནོར་བཟང》འཁྲབ་སྟོན་བྱེད་བཞིན་པ།
འཁྲབ་སྟོན་བྱེད་བཞིན་པ།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བོད་ཀྱི་ཟློས་གར་ཆེན་མོ《ཆོས་རྒྱལ་ནོར་བཟང》ལས་གཞན་ད་དུང《དྲི་མེད་ཀུན་ལྡན》དང་། 《སྲས་དོན་ཡོན་དོན་འགྲུབ》། 《སྣང་ས་འོད་འབུམ》། 《གཟུགས་ཀྱི་ཉི་མ》། 《པད་མ་འོད་འབར》། 《འགྲོ་བ་བཟང་མོ》བཅས་ཟླ5བའི་ཚེས2ནས་ཚེས9ཡི་སྔ་དྲོའི་ཆུ་ཚོད10སྟེང་བསྟུད་མར་སྤེལ་རྒྱུ་ཡིན་པ་རེད།
ཡུལ་དངོས།
ཡུལ་དངོས་ཀྱི་གཟིགས་མོ་བ་ལྷན་རྒྱས་ཀྱིས་འཁྲབ་སྟོན་ལ་རོལ་མྱོང་བྱེད་པ།
འཁྲབ་སྟོན་ཡུལ་དངོས་ཀྱི་ཟུར་ཞིག