《བོད་ལྗོངས་གྲུབ་མཐའ་སྣ་མང་ལུགས་ཀྱི་ཐང་ག་རོལ་མྱོང》ཞེས་པའི་པར་དེབ་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-05-01
ཀློག་གྲངས།:
ཀྲུང་གོའི་མི་རིགས་བརྙན་རིས་སྒྱུ་རྩལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《བོད་ལྗོངས་གྲུབ་མཐའ་སྣ་མང་ལུགས་ཀྱི་ཐང་ག་རོལ་མྱོང》ཞེས་པ་ཐོག་མར་འགྲེམ་སྤེལ་བྱས་ཤིང་། པར་དེབ་འདིའི་ཁྲོད་གྲུབ་མཐའ་སྣ་མང་ལུགས་ཀྱི་སྲོལ་འབྱེད་མཁན་གཉན་ཤུལ་རྡོ་རྗེ་དོན་གྲུབ་སོགས་ལྷ་རིས་པ་བཅུ་ལྷག་གི་ཐང་གའི་བརྩམས་ཆོས་བརྒྱ་ལ་ཉེ་བ་ཉར་བསྡུ་བྱས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན1998ལོར་གཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་བཙུགས་པ་དང་། བགྲང་བྱ་དུ་མའི་རིང་དུ་འཚོལ་ཞིབ་བྱས་བར་བརྟེན་ནས་ཐུན་མོང་མ་ཡིན་པའི་སྣ་མང་ལུགས་ཀྱི་ཐང་གའི་འབྲི་བཞེངས་བྱེད་ཐབས་ཀྱི་སྲོལ་ཕྱེས་ཏེ་མཆོག་ཏུ་གྱུར་པའི་བརྩམས་ཆོས་ཚར་དུ་དངར་བ་གསར་རྩོམ་བྱས་པ་རེད།
བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བའི་ཐང་ག་ནི་བོད་ཀྱི་རིག་གནས་མཚོན་རྟགས་ཤིག་ཡིན་པར་མ་ཟད། ཕུན་སུམ་ཚོགས་པོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་གཟེངས་སུ་ཐོན་པའི་མཚོན་བྱེད་ཅིག་དང་། ཀྲུང་ཧྭའི་མི་རིགས་ཤུལ་བཞག་རིག་གནས་བང་མཛོད་ཁྲོད་ཀྱི་གཅེས་ནོར་ཞིག་ཡིན། གོ་ལ་ཧྲིལ་བོའི་ཁྱོན་དུ་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཚ་རླབས་དྲག་ཏུ་འཕྱོ་བ་བསྟུན་ནས་བོད་ཀྱི་ཐང་གའི་རྒྱུ་རྩལ་ལ་ཀུན་གྱིས་ཤེས་རྟོགས་ཐུབ་ཅིང་། 2006ལོར་རང་རྒྱལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི་འདེམ་ཐེངས་དང་པོའི་ཁྲོད་བདམས་པ་རེད།

འབྲེལ་ཡོད་འོས་སྦྱོར།