བོད་ལྗོངས་ཀྱི་སྒྱུ་རྩལ་པ་འཇར་མན་པོའོ་ལིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སླེབས་པ།

བོད་ལྗོངས་ཀྱི་སྒྱུ་རྩལ་པས་མང་ཚོགས་ལ་བརྩམས་ཆོས་མཚམས་སྦྱོར་བྱེད་པ།
ཟླ4བའི་ཚེས12ནས་ཚེས20བར། འཇར་མན་མང་ཚོགས་ཀྱིས་པོའོ་ལིན་ཀྲུང་གོའི་རིག་གནས་ལྟེ་གནས་སུ་བོད་ལྗོངས་ཀྱི་སྒྱུ་རྩལ་བརྩམས་ཆོས50ལྷག་ལ་གཟིགས་མྱོང་བྱེད་ཆོག་ཅིང་། ཚེས15ཉིན། 《བོད་ལྗོངས་ཀྱི་བག་ཆགས》ཞེས་པའི་པར་རིས་འགྲེམ་སྤེལ་གྱི་སྒྱུ་རྩལ་པ་པོའོ་ལིན་རིག་གནས་ལྟེ་གནས་སུ་སླེབས་ཏེ་ཡུལ་དངོས་སུ་མང་ཚོགས་རྣམས་དང་བསམ་བློ་བརྗེ་རེས་བྱས།

བོད་ལྗོངས་ཀྱི་སྒྱུ་རྩལ་པས་མང་ཚོགས་ལ་བརྩམས་ཆོས་མཚམས་སྦྱོར་བྱེད་པ།
ཐེངས་འདིར་འགྲེམ་སྟོན་བྱས་པའི་བརྩམས་ཆོས་ནང་བོད་ལྗོངས་ཀྱི་དེང་རབས་ཐག་ག་དང་གཙགས་དྲུབས་ཀྱི་རིགས་ཡོད་ཅིང་། དེ་དག་ནི་སྒྱུ་རྩལ་པ12ལྷག་གི་བརྩམས་ཆོས་ཡིན་པ་དང་། རྒྱུས་ལོན་པ་ལྟར་ན། དུས་ཡུན་ལོ་བཅུ་ཁའི་འཕེལ་རྒྱས་བརྒྱུད་བོད་ལྗོངས་སུ་མི་རབས་བཞིའི་སྒྱུ་རྩལ་པ་ནར་སོན་ཡོད་ལ། ཁོ་ཚོའི་བརྩམས་ཆོས་དག་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་སྟེ་མང་ཚོགས་ཀྱིས་སྤྲོ་བ་བསྐྱེད་ཅིང་། སྒྱུ་རྩལ་པ་གང་མང་ཞིག་གིས་ཧྥ་རན་སི་དང་། ཨི་སི་ཁྲུ་རི་ཡ། སིང་ཀ་ཕོར། ཨ་རི་སོགས་རྒྱལ་ཁབ་ཏུ་འགྲེམ་སྟོན་བྱས་མྱོང་བ་རེད།
ཐེངས་འདིའི《བོད་ལྗོངས་ཀྱི་བག་ཆགས》ཞེས་པའི་པར་རིས་འགྲེམ་སྤེལ་ནི་བོད་ལྗོངས་ཀྱི་དེང་རབས་སྒྱུ་རྩལ་པས་ཕྱི་རྒྱལ་དུ་སྤེལ་པའི་ཐོག་དང་པོའི་འགྲེམ་ཚོགས་ཡིན་ཏེ། འཇར་མན་མང་ཚོགས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་ཀྱི་དེང་རབས་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་བྱས་ཆོག་པ་རེད།
