logo

《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པ》ཞེས་པའི་ཐང་ག་རིང་མོ་ད་ལོའི་སྟོན་ཁ་ལེགས་འགྲུབ་འབྱུང་ངེས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-17 ཀློག་གྲངས།:


ཚོགས་ཡུལ་དངོས།

        ཟླ4བའི་ཚེས14ཉིན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་པེ་ཅིང་དུ་མཉམ་འབྲེལ་སྒོས་སྤེལ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན།  རིང་ཚད་ལ་སྨི108ཅན་གྱི《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པ》ཞེས་པའི་ཐང་ག་རིང་མོ་དེ་ད་ལོའི་ཟླ10བར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད།


ཚོགས་ཡུལ་དངོས།

        འདི་ནི་ན་ནིང་ཟླ10བ་ནས་བཟུང་ལག་བསྟར་བྱས་ཤིང་། འདིའི་འགན་ཁུར་བའམ་ཐང་གའི་སྒྱ་རྩལ་པ་དོན་འགྲུབ་ཚེ་བརྟན་གྱིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་རུ་མཚམས་སྦྱོར་བྱེད་པ་སྟེ། ཁོས་རིང་ཚད་ལ་སྨི108ཡོད་པའི《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པ》ཞེས་པའི་ཐང་ག་རིང་མོའི་སྟེང་གཏམ་རྒྱུད་ཁག23བརྗོད་ཅིང་། སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོར་བ་དང་། དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ། བློན་པོ་མགར་སྟོང་བཙན་གྱིས་རྒྱལ་བོར་གཉེན་སློང་བ།  རྒྱ་བཟའ་ཀོང་ཇོ་རི་བོ་ཉི་ཟླར་བརྒྱུད་པ་དང་མཚོ་སྔོན་པོར་གཟིགས་སྐོར་བྱེད་པ་སོགས་ཀྱི་ལོ་རྒྱུས་དང་དམངས་སྲོལ་རྣམ་པ་མངོན་པར་བཏོད་པ་ཡིན་ཞིང་།  ཁོས་མི་སྣའི་སྣང་བརྙན་འབུར་དུ་བཏོད་པའི་དགོས་མཁོ་ལ་གཞིག་སྟེ་ཀན་སུའུ་ཏུང་ཧོང་དང་། བོད་ལྗོངས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལྡེབས་རིས། དེ་མིན་ཀྲུང་གོའི་ཚོན་རིས། ཕྱི་ལུགས་ཚོན་རིས་སོགས་ལས་མཚོན་ཐབས་ཀྱི་རྣམ་པ་བེད་སྤྱོད་བྱས་ཟེར།


ཚོགས་ཡུལ་དངོས།

        ཚོགས་འདུར་ཞུགས་པའི་རྒྱལ་སའི་མཐོ་རིམ་སློབ་ཆེན་དང་མཛེས་རྩལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཤེས་ལྡན་པ་དང་། ཆེད་མཁས་པ། རི་མོའི་སྒྱུ་རྩལ་པ་རྣམས་ཀྱིས《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པ》ཞེས་པའི་ཐང་ག་རིང་མོའི་གསར་སྐྲུན་དང་རིན་ཐང་ལ་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། སྔར་ལས་ལྷག་པར་ཇི་ལྟར་གསར་སྐྲུན་བྱེད་རྒྱུ་དང་སྒྱུ་རྩལ་རྒྱུད་འཛིན་བྱེད་རྒྱུའི་ཐད་ལ་བསམ་འཆར་ལེགས་པོ་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།