logo

བོད་ལྗོངས་ཀྱི་བཙུན་པ8ལ་བོད་བརྒྱུད་ནང་བསྟན་གྱི་ལྷ་རམས་པའི་དགེ་བཤེས་ཀྱི་ཡོན་གནས་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-16 ཀློག་གྲངས།:


ལྷ་རམས་པའི་དགེ་བཤེས་ཀྱི་འཛིན་ཡིག་གནང་བཞིན་པ།

ལྷ་རམས་པའི་དགེ་བཤེས་ཀྱི་དམ་བཅའ་འཇོག་པའི་ཡུལ་དངོས།

  ཟླ4བའི་ཚེས13ཉིན། ལོ་རེར་ཐེངས་གཅིག་ལ་སྤེལ་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་ལྷ་རམས་པའི་དགེ་བཤེས་ཀྱི་དམ་བཅའ་འཇོག་པའམ་འཛིན་ཡིག་གནང་བའི་བྱེད་སྒོ་ལྷ་སའི་གཙུག་ལག་ཁང་དུ་བསྡུས་པ་རེད།
  གྲྭ་བཙུན200ལྷག་གི་ཆོས་ཟློ་བའི་དབྱངས་དང་བསྡོངས་ནས་རྟགས་གསལ་གཏོང་འགོ་བརྩམས་ཤིང་། གཞུང་བཀའ་པོད་ལྔ་དང་འབྲེལ་བའི་དྲི་བ་དག་ལ་ཚ་ཚ་འུར་འུར་གྱི་རྩོད་པ་རབས་དང་རིམ་པ་བྱས་མཐར་གཟེངས་སུ་ཐོན་པའི་བཙུན་པ་བརྒྱད་ལ་ལྷ་རམས་པའི་དགེ་བཤེས་གྱི་འཛིན་ཡིག་གནང་བར་མ་ཟད། ཁ་བཏགས་དང་། ན་བཟའ། ལེགས་སྐྱེས་སོགས་གནང་ནས་ཁོང་རྣམས་ལ་རྟེན་འབྲེལ་ཞུ་བ་རེད། དགའ་ལྡན་དགོན་པ་ནས་ཡོང་བའི་བཙུན་པ་རྡོ་རྗེ་རྒྱལ་མཚན་ལགས་ཨང་དང་པོ་དང་། ནག་ཆུ་ས་ཁུལ་རོང་པོ་གྲོང་རྡལ་རབ་བརྟན་དགོན་གྱི་བསྟན་འཛིན་ནོར་བུ་ལགས་ཨང་གཉིས་པ། སེ་ར་དགོན་པའི་ངག་དབང་བློ་གྲོས་ལགས་ཨང་གསུམ་པ་བཅས་རིམ་པ་ལྟར་མི་བརྒྱད་ཀྱིས་ཐེངས་འདིའི་དམ་བཅའ་འཇོག་པའི་བྱེད་སྒོའི་ཁྲོད་འབྲས་བུ་ལེགས་པོ་བླངས་པོ་རེད།
  གྲྭ་བཙུན་རྣམས་ལ་མཚོན་ན་ཕར་ཕྱིན་དམ་བཅའ་འཇོག་པ་ནི་ཁོང་ཚོའི་བགྲང་བྱ་བཅུ་ལྷག་གི་རིང་ལ་ཡོད་ཚད་ཆོས་སྒོ་ལ་གཏད་པའི་བརྩོན་པའི་སྨིན་འབྲས་ཕྱིར་མངོན་སའི་སྟེགས་བུ་ཞིག་ཏུ་ལགས་པས་གཙིགས་ཆེན་དུ་འཛིན་གྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།