logo

ཡུན་ནན་བདེ་ཆེན་གྱི་དམངས་ཁྲོད་འབའ་གཞས་གླུ་ཚིག《གཤོག་རྩལ་ངོམ་པའི་གངས་རི》འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-11 ཀློག་གྲངས།:


《གཤོག་རྩལ་ངོམ་པའི་གངས་རི》།

          ཉེ་ལམ།  ཁ་བ་དཀར་པོ་རིག་གནས་ཁང་གིས་སྣེ་ཁྲིད་དེ་འཚོལ་བསྡུ་དང་ལེགས་སྒྲིག   བསྒྱུར་སྒྲིག་བཅས་བྱས་པའི་བདེ་ཆེན་གྱི་དམངས་ཁྲོད་འབའ་གཞས་གླུ་ཚིག་གཅེས་བསྡུས《གཤོག་རྩལ་ངོམ་པའི་གངས་རི》ཞེས་པའི་དཔེ་ཆ་དེ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།


རང་བྱུང་འབའ་གཞས16འདུས་པའི་འོད་སྡེར།

          《གཤོག་རྩལ་ངོམ་པའི་གངས་རི》ཞེས་པའི་དཔེ་ཆའི་ནང་འབའ་གཞས་གླུ་ཚིག116འདུས་པ་མ་ཟད་བོད་རྒྱ་ཤན་སྦྱར་བྱས་ཡོད་ཅིང་། དེ་མིན་མཚོན་བྱེད་རང་བཞིན་གྱི་འབའ་གཞས་ཀྱི་གདངས10ལྷག་བསྡུ་ལེན་བྱས་ཡོད་པ་དང་ཆབས་ཅིག   རང་བྱུང་འབའ་གཞས16འདུས་པའི་འོད་སྡེར་ཞིག་ཀྱང་ཡོད་དེ།   ཚང་མས་གཞས་ལ་ཉན་པའི་དུས་སུ་གླུ་ཚིག་ཀྱང་རོལ་མྱོང་བྱེད་ཆོག


འབྲེལ་ཡོད་འོས་སྦྱོར།