logo

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་ཧྲི་ཁ་གོ་སློབ་ཆེན་དུ་གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-08 ཀློག་གྲངས།:


འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》

              རྒྱུས་ལོན་བྱུང་བ་ལྟར་ན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཀུ་ལོན་པེ་ཡ་སློབ་ཆེན་དུ་རིག་གཞུང་འཚམས་འདྲི་གནང་བཞིན་ཡོད་ལ། ཇིག་ཅིན་ཧྲན་གློག་བརྙན་དུས་ཆེན་དང་སེའུ་ཐུའུ་གློག་བརྙན་དུས་ཆེན་སྟེང་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ་སྟེ《ཁྱི་རྒན》ཞེས་པ་ཟླ4བའི་ཚེས27ཉིན་དང་ཟླ5བའི་ཚེས18ཉིན་གཏོང་རྒྱུ་ཡིན་ཞིང་། ཟླ4བའི་ཚེས21ཉིན་དང་ཚེས22ཉིན། ཧ་ཧྥོ་གློག་བརྙན་རྒྱུ་ཆ་ཁང་ཧྲི་ཁ་གོ་སློབ་ཆེན་དུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《ཁྱི་རྒན》གཉིས་གཏོང་རྒྱུ་ཡིན་པ་དང་། ཟླ5བའི་ཚེས4ཉིན་ཧྲི་ཁ་གོ་སློབ་ཆེན་དུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གཏོང་རྒྱུ་རེད།
              《ཁྱི་རྒན》ཞེས་པའི་གློག་བརྙན་འདིའི་ནང་དུ་གཙོ་བོ་རྒན་པོ་ཞིག་དང་འབྲོག་ཁྱི་བར་གྱི་བརྩེ་བ་ཟབ་མོ་བརྗོད་ཡོད་ཅིང་། 2011ལོར་སྐབས12པའི་ཏུང་ཅིནFilmexརྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་མཆོག་ཏུ་གྱུར་བའི་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པར་མ་ཟད། ཟླ4བའི་ཚེས19ཉིན་གྱི་སྐབས55བའི་ཇིག་ཅིན་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།