གསེར་ཆེན་རྫོང་མང་ཚོགས་རིག་གནས་བྱ་འགུལ་ལུས་རྩལ་ལྟེ་གནས་མཉམ་འབྲེལ་གྱི་གྲོས་ཡིག་འགོད་པའི་མཛད་སྒོ།

གསེར་ཆེན་རྫོང་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལས་གཞི་
འཛུགས་སྐྲུན་བྱེད་པའི་མཉམ་འབྲེལ་གྲོས་འགོད་མཛད་སྒོ།
མཚོ་ལྷོའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། གསེར་ཆེན་རྫོང་དང་རྫོང་སྲིད་གཞུང་གིས་ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་གནས་ཚུལ་འོག ཟླ4བའི་ཚེས2ཉིན། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ལུང་ཧོའོ་ལས་སྒྲུབ་ཚད་ཡོད་ཀུན་ཟི་གཉིས་ཀྱིས་མཚོ་སྔོན་མགྲོན་ཁང་དུ་གསེར་ཆེན་རྫོང་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་མཉམ་འབྲེལ་གྲོས་འགོད་མཛད་སྒོ་བསྡུས་པ་རེད།

ཕྱོགས་གཉི་གའི་གྲོས་འགོད་ཚབ་བྱེད་པ།
གསེར་ཆེན་རྫོང་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་རྒྱ་ཁྱོན་ལ་མུའུ86དང་མ་དངུལ་སྒོར་དུང་ཕྱུར1.4བཏང་བ་དང་། འཛུགས་སྐྲུན་ལ་ཁག་གཉིས་སུ་ཡོད་དེ། གཅིག་ནི་སྤྱི་བའི་རིག་གནས་ལུས་རྩལ་ར་བ་གཙོ་བྱས་པའི་ཕྱོགས་བསྡུས་མི་རིགས་ལུས་རྩལ་མདའ་འཕེན་ཁང(དེར་མི་རིགས་མདའ་འཕེན་དང་། ཊེ་ནི་སི། ལྒང་ལི། བྱ་སྒྲོ་ཕོང་རྩེད་བཅས་འདུས)དང་མང་ཚོགས་རིག་གནས་བྱ་འགུལ་ལྟེ་གནས། གཉིས་ནི་ཚད་རིམ་མཐོ་བའི་ཆེད་ཚོགས་ཁང་ཁྱིམ་དང་། སྐར་རིམ་བཞི་ཅན་གྱི་གསོལ་མགྲོན་ཁང་། ཚོང་ལས་ཁུལ། ཁྱབ་ཆེ་བའི་འཕྲུལ་འཁོར་འཇོག་གནས་བཅས་ཡིན།
