《རེབ་གོང་མཚར་ཉམས》ཞེས་པ་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་དུ་ཞུགས་རྒྱུ་རེད།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་གར《རེབ་གོང་མཚར་ཉམས》
སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ཟླ6པའི་ཚེས6ཉིན་པེ་ཅིང་དུ་ཚོགས་རྒྱུའི་གཏན་ཁེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི《རེབ་གོང་མཚར་ཉམས》དང《གཙོད》ཅེས་པ་གཉིས་འཁྲབ་སྟོན་དུ་ཞུགས་རྒྱུ་རེད།
ཐེངས་འདིའི་འཁྲབ་སྟོན་ཁྲོད་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་། ཞིང་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་མི་རུ་ཁག ཞང་ཀང་། ཨོ་མེན། ཐེ་ཝན་སོགས་འཐུས་ཚབ་ཚོགས་པ36། ཟློས་གར་རྣམ་གྲངས41བཅས་ཡོད་པས་མིག་སྔའི་བར་དུ་རྒྱ་ཆེས་ཆེ་བའི་འཁྲབ་སྟོན་ཞིག་ཡིན་པ་རེད།
2012ལོའི་ཟླ1པོར་མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གཉིས་ཀྱིས་སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ལ་ཟློས་གར་རྣམ་གྲངས3འོས་སྦྱོར་བྱས་པ་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་གར《རེབ་གོང་མཚར་ཉམས》དང་། དེང་རབས་ཀྱི་ན་ཆུང་བྱིས་པའི་ཅིན་ཅུས《གཙོད》། མི་རིགས་ཀྱི་བྲོ་གར《གངས་ལྗོངས་དཔའ་རྒོད།རྒྱ་ཚ་ཞལ་དཀར》བཅས་ཡིན་ཞིང་། མཐར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས《རེབ་གོང་མཚར་ཉམས》དང《གཙོད》གཉིས་འཁྲབ་སྟོན་དུ་ཞུགས་རྒྱུའི་ཐག་བཅད། 《རེབ་གོང་མཚར་ཉམས》ཞེས་པ་ཟླ6པའི་ཚེས19ཉིན་ནས་ཚེས22ཉིན་བར་མའེ་ལན་ཧྥང་ཟློས་གར་ཁང་ཆེན་མོ་རུ་འཁྲབ་སྟོན་བྱེད་རྒྱུ་རེད།