རྒྱལ་ཁབ་སློབ་གསོ་སྐུལ་ཁྲིད་ཚོགས་པས་མཚོ་ལྷོར་སྐུལ་ཁྲིད་ཞིབ་བཤེར་བྱ་བ་སྤེལ་བ།

རྒྱལ་ཁབ་སློབ་གསོ་སྐུལ་ཁྲིད་ཚོགས་པས་འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ།
མཚོ་ལྷོ་ཁུལ་སྲིད་གཞུང་ཞིབ་བཤེར་སྣེ་ལེན་འགོ་ཁྲིད་ཚན་ཆུང་གིས་འབྲེལ་ཡོད་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་བྱེད་པ།
ཟླ3པའི་ཚེས26ཉིན། རྒྱལ་ཁབ་སློབ་གསོ་སྐུལ་ཁྲིད་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་ལྟ་སྐུལ་ཁྲིད་སྟོན་ཞིབ་བཤེར་གྱི་བྱ་བ་སྤེལ་བ་རེད། ཐེངས་འདིའི་སྐུལ་ཁྲིད་ཞིབ་བཤེར་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཚན་རིག་གི་འཕེལ་རྒྱས་ལྟ་བའི་སྣེ་སྟོན་འོག་སློབ་གསོ་པུའི《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་ཁག་ཐེག་བྱེད་པ་གཏན་འབེབས་ཀྱི་བརྡ་སྦྱོར》དགོངས་སྙིང་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་བྱང་ཚད་སློབ་གསོ་མཐོ་རུ་འདེགས་པ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་ཁག་ཐེག་བྱེད་པ། གཞོན་ནུ་དང་ལོ་ཆུང་བ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་རྒྱུ་དེ་ཡིན་ཞིང་། མཚོ་ལྷོ་ཁུལ་སྲིད་གཞུང་ཞིབ་བཤེར་སྣེ་ལེན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེ་རིང་ཐར་ལགས་དང་ཁུལ་སློབ་གསོ་ཅུའི་ཅུའུ་ཀྲང་དཔའ་འབུམ་ཐར་ལགས་སོགས་འབྲེལ་ཡོད་ཀྱི་འགོ་ཁྲིད་རྣམས་སྙན་ཞུ་ཚོགས་འདུ་ལ་ཞུགས་པ་རེད།
རྟོག་ཞིབ་ཚོགས་པས་ཁུལ་དཔོན་གཞོན་པ་ཚེ་རིང་ཐར་ལགས་ཀྱི་བྱ་བའི་སྙན་ཞུ་ལ་གསན་རྗེས་གསེར་ཆེན་རྫོང་དང་མང་རྫོང་གཉིས་ཀྱི་སློབ་གྲྭ་སོ་སོར་ཉིན་རེའི་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་སྤེལ་བའི་གནས་ཚུལ་དང་། རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྲུན་དང་ཆ་རྐྱེན་ཁག་ཐེག་གི་གནས་ཚུལ། སློབ་གྲྭ་ཆུང་འབྲིང་གི་སྒྲིག་ལམ་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་བཅས་སུ་ཆེད་དུ་ཞིབ་བཤེར་བྱ་རྒྱུ་རེད།
