logo

མཐོ་སྒང་དུ་དཔྱིད་ཀའི་ས་ཞིང་རྨོ་འདེབས་ཀྱི་བྱེད་སྒོ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-25 ཀློག་གྲངས།:


བསང་མཆོད་བྱས་ཏེ་རྨོ་འདེབས་འགོ་རྩོམ་པ།


བོད་ལྗོངས་སྟག་རྩེ་རྫོང་དུ་རྨོ་འདེབས་ཆོ་ག་སྤེལ་པ།

རྨོ་འདེབས་ཀྱི་དུས་སུ་ཆང་མཆོད་པ།

          བོད་ཀྱི་ལོ་ཐོ་ལྟར།  བཀྲ་ཤིས་ཉི་བཟང་གི་དུས་དང་བསྟུན་ཏེ་བོད་ལྗོངས་ས་ཁུལ་ཁག་ཏུ་དཔྱིད་ཀའི་ས་ཞིང་རྨོ་འདེབས་ཀྱི་ཆོ་ག་གཟབ་རྒྱས་ངང་སྒྲུབ་ཀྱི་ཡོད་ཅིང་།  སྡེ་བའི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ནས་ཆོ་ག་འདི་སྤེལ་པ་ཡིན་ལ། སྡེ་མི་རྣམས་ཞིང་ནང་དུ་སྐོར་བྲོ་འཁྲབ་པའམ་འཇུ་རེས་སོགས་རྩེད་མོ་སྣ་ཚོགས་བྱེད་པ་དང་། ཞིང་ལ་ལོ་ལེགས་ཀྱི་འབྲས་བུ་འབྱུང་བར་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།


བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་བ་རྣམས་ཀྱིས་རྨོ་འདེབས་བྱེད་སྒོ་སྤེལ་པ།
བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་བ་རྣམས་ཀྱིས་རྨོ་འདེབས་བྱེད་སྒོ་སྤེལ་པ།


རྨོ་འདེབས་བྱེད་སྒོའི་སྟེང་སྐོར་བྲོ་འཁྲབ་པ།

          ཟླ3པའི་ཚེས16སྟེ་བོད་ལུགས་ཀྱི་ཟླ2པའི་ཚེས25ཉིན་ནི་བོད་ལྗོངས་ཀྱིས་དཔྱིད་ཀའི་རྨོ་འདེབས་འགོ་རྩོམ་པའི་ཉིན་ཐོག་མ་ཡིན། བོད་ལྗོངས་སྟོད་ལུང་བདེ་ཆེན་ཞིང་བ་རྣམས་ཀྱིས་དཔྱིད་ཀའི་རྨོ་འདེབས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་ཅིང་།  འདིས་ལོ་གཅིག་གི་ས་ཞིང་རྨོ་འདེབས་དངོས་སུ་འགོ་བརྩམས་པ་མཚོན་ལ།  ལྷ་སའི་སྐྱིད་ཆུའམ་ཡར་ཀླུང་གཙང་བོ་འགྲམ་རྒྱུད་ཀྱི་ཞིང་བའི་ས་ཁུལ་དུ་དེང་རབས་འཕྲུལ་ཆས་ཀྱིས་རྨོ་འདེབས་བྱེད་ཀྱི་ཡོད་ནའང་། མཛོ་མོ་དོར་བྱས་ཏེ་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ད་དུང་ཉམས་མེད་རྒྱུན་སྐྱོང་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།