logo

འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ་གྱིMVབརྩམས་ཆོས་ལ་བྱ་དགའ་ཐོབ་པ།

རྩོམ་པ་པོ།:འཇམ་དབྱངས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-23 ཀློག་གྲངས།:


འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ་གྱིMVབརྩམས་ཆོས་ལ་བྱ་དགའ་ཐོབ་པ།

           བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ་གྱིMVབརྩམས་ཆོས་ཏེ་གཉིད་མི་ཁུག་པའི་མཚན་མོ་ཞུ་བ་དེ་སྐབས་ཉེར་གཉིས་པའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་འགྲན་སྡུར་བྱ་དགའ “སྐར་འོད”ཅེས་པའི་ཁྲོད་དུ་ཚུད།
           ཀྲུང་གོའི་བརྙན་འཕྲིན་སྐར་འོད་བྱ་དགའ་ནི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་སྡེ་ཁག་གིས་གཙོ་གཉེར་བྱས་པ་ཞིག་སྟེ། བསམ་བློ་དང་སྒྱུ་རྩལ། རོལ་མྱོང་གསུམ་དཔྱད་གླེང་ཚད་ཐིག་ཏུ་བཞག་པའི “ཆོས་གསུམ་གཞི་གཅིག”ཏུ་འདྲེས་པ་ཞིག་ཡིན།


བརྙན་ཕབ་བཞིན་པ།

          ན་གཞོན་འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ། མིང་གཞན་དུ་དགྲ་འདུལ་འབོད་པ་ཁོ་ནི་སི་ཁྲོན་རྔ་བའི་སྐ་ཆུ་རྫོང་གི་མི་ཡིན། ཁོས་སྔ་གཞུག་ཏུMV200ལྷག་གི་གཟུགས་བརྙན་སྒྲིག་བཟོ་བྱས་ཡོད། 2011ལོ་ནས་བཟུང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་བརྙན་ལེན་པ་བྱས་ཏེ་དངོས་བྲིས་གློག་བརྙན《མི་རབས་གསུམ་པ》དང་། བརྙན་ཕབ་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་དང་རྒྱལ་ཡོངས་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་དང་མཉམ་ལས་ཀྱིས་དངོས་བྲིས་གློག་བརྙན《མཚོ་སྔོན་པོའི་གླུ་སྒྲ》ཕབ་བསྐྲུན་བྱས།
          ཉེ་ཆར། 《འབྲོག་པ་ཨ་སྡེར》ཞེས་པའི་གློག་བརྙན་ཞིག་འཚགས་ཡོད་ལ། ཁོ་རང་གིས་འཁྲབ་ཁྲིད་དང་གཙོ་འཁྲབ་གཅིག་ལྕོགས་བྱས་པའི་གློག་བརྙན་ཐུང་ངུ《ལྕགས་སྦལ》ཡང་མི་རིང་བར་འགྲེམ་ལ་ཉེ།


འབྲེལ་ཡོད་འོས་སྦྱོར།