སྒྲོལ་མ་རིགས་ལྔའི་ཐང་ག་ཆེན་མོའི་གསལ་འབྱེད་ཚོགས་འདུ་བསྡུས་པ།

གསལ་འབྱེད་ཚོགས་འདུའི་སྟེང་ཐང་ག་འགྲེམ་སྟོན་བྱེད་པ།
རྡོ་རྗེ་དོན་གྲུབ་ལགས་ཀྱིས་ཐང་ག་བསྡུ་ཉར་མཁན་ལ་ཐང་ག་སྤྲོད་པ།
ཟླ3པའི་ཚེས18ཉིན། བོད་ལྗོངས་གྲུབ་མཐའ་སྣ་མང་ལུགས་ཀྱི་སྒྲོལ་མ་རིགས་ལྔའི་ཐང་ག་ཆེན་མོའི་གསལ་འབྱེད་ཚོགས་འདུ་ལྷ་ས་རུ་བསྡུས་ཤིང་། གྲུབ་མཐའ་སྣ་མང་ཐང་གའི་སྲོལ་འབྱེད་མཁན་རྡོ་རྗེ་དོན་གྲུབ་དང་བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་བསྟན་དགའ་གཉིས་ཀྱིས་ལོ་གཉིས་ནང་དུ་བཞེངས་པའི་སྒྲོལ་མ་རིགས་ལྔའི་ཐང་ག་ལ་བསྡུ་ཉར་བས་སྒོར་ཁྲི168བཏང་ནས་ཉོས་པ་དང་། འདི་ནི་ཐང་ག་གསར་བའི་ཆེས་མཐོ་བའི་རིན་གོང་ཡིན་ལ། ཐང་ག་འདིའི་སྲིད་ལ་སྨི3.63དང་ཞེང་ལ་སྨི1གཅིག་ཡོད་པ་རེད།
ཐང་གའི་ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན་འདི་ནི་བོད་ལྗོངས་ཀྱི་གྲུབ་མཐའ་སྣ་མང་ཐང་གས་སྲོལ་རྒྱུན་གྱི་བཞེངས་ལུགས་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་གསར་གཏོད་ཀྱི་གྲུབ་ཆ་འདུས་པའི་ཁྱད་ཆོས་མངོན་པ་དང་། འདི་ནི་རིག་གནས་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བའི་སྨིན་འབྲས་ཤིག་ཏུ་ལགས། ཐང་ག་འདིས་དེང་རབས་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཆུ་ཚད་མཚོན་ཐུབ་པར་མ་ཟད། སྒྱུ་རྩལ་གྱི་རིན་ཐང་དང་། ཆོས་ལུགས་རིག་གནས་ཀྱི་རིན་ཐང་། བསྡུ་ཉར་གྱི་རིན་ཐང་བཅས་གཞལ་ཡས་པ་ལྡན་ཞིང་། ལོ་ངོ་བཅུ་ལྷག་གི་རིང་དུ་གྲུབ་མཐའ་སྣ་མང་ཐང་གའི་བྲིས་རྒྱུན་གྱིས་རིག་གནས་ཀྱི་སྟེང་སྔ་འཛིན་ཕྱི་སྤེལ་དང་། སྒྱུ་རྩལ་སྟེང་མ་འོངས་གསར་འབྱེད། ཐོན་ལས་སྟེང་མིག་རྒྱང་རིང་འཛིན་སྒོས་ཁྱད་དུ་འཕགས་པའི་བརྩམས་ཆོས་ཚར་དུ་དངར་བ་བརྩམས་པས་སྨིན་འབྲས་མངོན་སུམ་ཐོན་ལ། དེང་རབས་ཀྱི་ཐང་གའི་བྲིས་རྒྱུན་གྲགས་ཅན་ཞིག་ཏུ་གྱུར་བ་རེད།
