logo

ཀན་ལྷོས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-17 ཀློག་གྲངས།:


བླ་བྲང་དགོན་པར་བཞེངས་པའི་མེ་ཏོག་མཆོད་པ།

དུང་ཆེན་དང་རྔ་སོགས་ཆོས་ཀྱི་ཡོ་བྱད།

              ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རང་ས་གནས་ཀྱི་ཚབ་མཚོན་རང་བཞིན་ནམ་དོན་སྙིང་ཆེན་པོ་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་ལ་མྱུར་སྐྱོབ་བྱེད་པ་དང་མཉམ་དུ། རྩིས་བཤེར་ལ་གཞོགས་འདེགས་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་བཀོད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་མི860ལྷག་ལ་བཅར་འདྲི་བྱས་པ་རེད། ས་གནས་ཀྱི་རིག་གནས་ལས་ཁུངས་ཀྱི་ལོ་ངོ་བཅུའི་རིང་གི་བརྩོན་པར་བརྟེན་ནས་ཀན་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་སུམ་ཐོན་པས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བྱེད་པར་དགེ་མཚན་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།