logo

གོང་དཀར་ཆོས་སྡེ་དགོན་གྱིས་བཅོ་ལྔའི་དུས་ཆེན་ལ་ཆོས་ཀྱི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-10 ཀློག་གྲངས།:


བཅོ་ལྔའི་དུས་ཆེན་ལ་བླ་གྲྭ་རྣམས་ཀྱིས་བདུག་སྤོས་ཀྱི་མཆོད་པ་འབུལ་བ།

དད་ལྡན་མང་ཚོགས་ཀྱིས་དགོན་པར་ནས་འབྲུ་འཁུར་ཡོང་ནས་བཅོ་ལྔའི་མཆོད་པར་གྲ་སྒྲིག་བྱེད་པ།

              ལུགས་གསར་གྱི་ཟླ3པའི་ཚེས8ཉིན་ཏེ་བོད་ལུགས་ཀྱི་ཟླ1པོའི་ཚེས15ཉིན། བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་གོང་དཀར་ཆོས་སྡེ་དགོན་གྱིས་སྔར་སྲོལ་ལྟར་གོས་སྐུ་བཤམས་པའི་ཆོས་ཀྱི་བྱེད་སྒོ་སྤེལ་བར་མ་ཟད། ཆོས་སྡེ་དེ་གའི་གྲྭ་བཙུན་རྣམས་ཀྱིས་འགྲོ་ཀུན་གདོན་བགེགས་ཅི་རིགས་ལས་བཟློག་སྟེ་བདེ་བར་འགོད་པར་དམིགས་ནས་རྔ་འཆམ་འཁྲབ་པའི་ཆོ་ག་ཆེན་མོ་སྤེལ་བ་རེད། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(1464)ལོར་གོང་དཀར་ཆོས་སྡེ་དགོན་པ་ཕྱག་བཏབ་ནས་མི་རིང་བར་རྔ་འཆམ་འཁྲབ་པའི་སྲོལ་བཙུགས་ཤིང་། ད་ལྟའི་བར་དུ་ལོ་ངོ500ལྷག་གི་རྔ་འཆམ་འཁྲབ་པའི་ལོ་རྒྱུས་ལྡན་པ་རེད།


གྲྭ་བཙུན་རྣམས་ཀྱིས་ལུས་ལ་ཚོན་རིས་བྲིས་ནས་རྔ་འཆམ་འཁྲབ་པར་གྲ་སྒྲིག་བྱེད་པ།

རྔ་འཆམ་འཁྲབ་བཞིན་པའི་ཡུལ་དངོས།


འབྲེལ་ཡོད་འོས་སྦྱོར།