མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཐོན་རྫས་བརྒྱ་ལྷག་ཀོང་ཞིར་འགྲེམ་སྟོན་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-03-08
ཀློག་གྲངས།:

འཇིགས་བྱེད་ཀྱི་ཟངས་སྐུ།
ལྟད་མོ་བ་རྣམས་ཀྱིས་རུས་པས་བཟོས་པའི་དབུ་རྒྱན་ལ་གཟིགས་བཞིན་པ།
ཟླ3པའི་ཚེས2ཉིན། ཚབ་མཚོན་རང་བཞིན་གྱི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཐོན་རྫས185ཀོང་ཞི་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པ་སྟེ། དཔར་བརྐོས་བསྟན་བཅོས་དང་། ནང་བསྟན་ལྷ་སྐུ། གཙགས་དྲུབས། ཚོན་བྲིས་ལྷ་སྐུ། ཆོས་ཀྱི་ཡོ་བྱད་བཅས་རིགས་ལྔ་རུ་འདུས།
མཚོ་སྔོན་དངོས་མང་བཤམས་སྟོན་ཁང་གི་གཅེས་ནོར་འདི་དག་གིས་ཡུལ་འདི་གའི་ལོ་རྒྱུས་རིག་གནས་མངོན་མཚོན་བྱས་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ཀུན་ལས་འཕགས་པའི་ཁྱད་ཆོས་ཀུན་གྱི་མཐོང་ལམ་མངོན་པ་རེད།
འབྲེལ་ཡོད་འོས་སྦྱོར།
