མུ་འབྲེལ་རི་མོའི་པར་གཞིའི《གླིང་གེ་སར་རྒྱལ་པོའི་སྒྲུང》འགྲེམ་སྤེལ་བྱས་པ།
པོད་དང་པོ《རྟ་རྒྱུག་རྒྱལ་འཇོག》
ཉེ་སྔོན། རྒྱ་ཡིག་དང་། དབྱིན་ཡིག ཁོ་རེ་ཡིག་བཅས་ཀྱི་ལམ་ནས་བརྩམས་པའི་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ《གླིང་གེ་སར་རྒྱལ་པོའི་སྒྲུང》གི་མུ་འབྲེལ་རི་མོའི་པར་གཞི་དེབ་ལྔ་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མང་བོ་ཞིག་ཏུ་འགྲེམ་སྤེལ་བྱས། དེ་ནི་རྒྱལ་ནང་གི་མུ་འབྲེལ་རི་མོ་བ་ཆོན་ཡུན་ཧྲིན་ལགས་ཀྱིས་བརྩམས་པ་ཡིན་ཞིང་། མུ་འབྲེལ་རི་མོའི་པར་གཞིའི་པོད་དང་པོ་ལ་དེབ5དང་མུ་འབྲེལ་རི་མོ1000ལྷག་ཡོད་ཅིང་། ཀྲུང་གོའི་སྲོལ་རྒྱུན་གྱི་སྣག་རིས་དང་དེང་རབས་ཀྱི་འགུལ་རིས་ཟུང་དུ་སྦྲེལ་ནས་བོད་ཀྱི་རིག་གནས་བརྗོད་པ་ཡིན་པས། མུ་འབྲེལ་རི་མོའི་པར་གཞིའི《གླིང་གེ་སར་རྒྱལ་པོའི་སྒྲུང》པར་བསྐྲུན་མ་བྱས་སྔོན་ནས་ཀུན་གྱིས་ཐུགས་ཁུར་ཆེན་མོ་གནང་བཞིན་ཡོད་པ་རེད།
མུ་འབྲེལ་རི་མོའི་པར་གཞི《གླིང་གེ་སར་རྒྱལ་པོའི་སྒྲུང》གི་པོད་གཉིས་པ་དང་པོད་གསུམ་པ།
མུ་འབྲེལ་རི་མོའི་པར་གཞི《གླིང་གེ་སར་རྒྱལ་པོའི་སྒྲུང》གི་པོད་བཞི་བ་དང་པོད་ལྔ་བ།
མུ་འབྲེལ་རི་མོ་འདི་ནི་གེ་སར་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་དང་ཝུའུ་ཝེ་གཉིས་ཀྱིས་མཛད་པའི《གླིང་གེ་སར་རྒྱལ་པོའི་སྒྲུང》མ་ཕྱི་རུ་བྱས་ནས་བརྩམས་པ་ཡིན་པར་མ་ཟད། གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་དངོས་སུ་གཟིགས་ཞིབ་གནང་བ་དང་། རྒྱབ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་བཤེར་ནན་མོ་བྱས་རྗེས་པར་བསྐྲུན་བྱས་པ་རེད།
ཆོན་ཡུན་ཧྲིན་གྱིས་བོད་ཀྱི་རིག་གནས་མངོན་མཚོན་བྱེད་པར་དམིགས་ནས་སྒྱུ་རྩལ་གྱི་རྣམ་པ་གསུམ་གྱི་སྒོ་ནས་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་འདི་བརྗོད་ཡོད་དེ། 2012ལོའི་ཟླ3པར་མུ་འབྲེལ་རི་མོ་དེབ་ལྔ་བོ་ཀྲུང་གོ་དང་། ཁོ་རེ་ཡ་ལྷོ་མ། ཨ་རི་སོགས་སུ་པར་བསྐྲུན་བྱས་པ་དང་། 2012ལོའི་ཟླ8པར་སྣག་རིས་འགྲེམ་སྟོན། 2014ལོར་ལེའུ52ཅན་གྱི་འགུལ་རིས་བརྙན་འཕྲིན་གཏོང་རྒྱུ་རེད། འདི་ནི་རིག་གནས་ཁྱབ་ཁོངས་སུ་སྔ་ན་མེད་པའི་མི་སྒེར་གྱི་གསར་རྩོམ་བྱ་འགུལ་ཆེན་མོ་ཞིག་ཡིན་ཞིང་། ཆོན་ཡུན་ཧྲིན་གྱི་བརྩམས་ཆོས་འདི་ལ་རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་དང་ཆེད་མཁས་པ་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་རེད།