logo

རྨད་དུ་བྱུང་བའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཞེངས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-02 ཀློག་གྲངས།:


བཙུན་པ་གཉི་གས་དཀྱིལ་འཁོར་ཆེན་མོ་འབྲི་བཞེངས་བྱེད་བཞིན་པ།

སྤྱི་ལོ1792ལོར་བཞེངས་པའི་ཀུན་བདེ་གླིང་།

  བོད་ཆུ་ཕོ་འབྲུག་ལོའི་ཚེས་བཞི་ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་མངའ་བའི་དགེ་ལུགས་པའི་དགོན་སྡེ་ཀུན་བདེ་གླིང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་མོ་བཞེངས་པའི་སྲོལ་རྒྱུན་གྱི་ཆོ་ག་སྤེལ་ཞིང་། ཉིན་ལྔའི་རིང་དུ་འབྲི་བཞེངས་བྱས་ཚར་པ་རེད། དཀྱིལ་འཁོར་འདི་ནི་ཀུན་བདེ་གླིང་དགོན་པའི་འཇིགས་བྱེད་དཀྱིལ་འཁོར་ཆེན་མོ་གསུམ་གྱི་གྲས་ཤིག་ཡིན་ལ། སྔར་སྲོལ་ལྟར་ན་ལོ་རེའི་ལོ་གསར་གྱི་དུས་སུ་འབྲི་བཞེངས་བྱས་ནས་མཆོད་པ་རྒྱ་ཆེན་པོ་བྱེད་པ་དང་མཉམ་དུ། ཉིན་བདུན་རིང་གི་ཆོས་ཀྱི་བྱེད་སྒོ་སྤེལ་བ་ཡིན།
  དཀྱིལ་འཁོར་ནི་བོད་བརྒྱུད་ནང་བསྟན་ཁྲོད་གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་སྐབས་ཀྱི་མཆོད་གནས་ངོ་མཚར་ཅན་ཞིག་ཡིན་ཞིང་། དེ་ལ་ཕྱིའི་དཀྱིལ་འཁོར་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་རས་བྲིས་ཀྱི་དཀྱིལ་འཁོར། ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བཅས་རིགས་གཉིས་སུ་མཆིས། རྡུལ་ཚོན་སྣ་ལྔའི་ཚོན་འབྱེད་དང་། རྒྱ་ཁྱོན། བཀོད་པ། བློས་བསླང་སོགས་ཚགས་དམ་པོར་གྲ་སྒྲིག་བྱས་ནས་སྟེགས་བུའི་སྟེང་ཆག་ཆག་གདབ་པ་དང་ཐིག་གདབ་རྗེས་དཀྱིལ་ནས་འགོ་བཟུང་སྟེ་རིམ་གྱིས་མཐའ་རུ་རྒྱ་བསྐྱེད་དེ་བྲི་བ་ཡིན་ནོ།།


དཀྱིལ་འཁོར་བཞེངས་ཚར་རྗེས་ཆོས་ཀྱི་མཆོད་པ་འབུལ་བའི་གྲ་སྒྲིག་བྱེད་པ།
དཀྱིལ་འཁོར་བྲི་བྱའི་མཁོ་ཆས་སྣ་ཚོགས།


འབྲེལ་ཡོད་འོས་སྦྱོར།