བྲག་དཀར་རྫོང་གིས་སྐབས་དང་པོའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-02-27
ཀློག་གྲངས།:
ཟླ2པའི་ཚེས19ཉིན་ནས་ཚེས21བར་དུ་བྲག་དཀར་རྫོང་གིས་སྐབས་དང་པོའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་བསྡུས་པ་རེད།
མདའ་འཕེན་འགྲན་སྡུར་གྱི་རྒྱུན་སྲོལ་འཛིན་སྤེལ་དང་ཡུལ་དེ་གའི་མི་རིགས་ཀྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་བྱེད་པར་དགོངས་ནས་བྲག་དཀར་རྫོང་གིས་བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་དུས་སྟོན་གྱི་སྐབས་སུ་མདའ་འཕེན་འགྲན་སྡུར་གྱི་བྱ་འགུལ་སྤེལ་ནས་ཡུལ་དེའི་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་རྣམ་པ་བཟང་བོ་མངོན་ཞིང་། སྐབས་འདིའི་འགྲན་སྡུར་སྟེང་མདའ་བ700ལྷག་མདའ་འཕེན་རུ་ཁག32སུ་ཕྱེས་ནས་སོ་སོའི་མདའ་རྩལ་འགྲན་པ་རེད།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་རྩལ་འགྲན་བྱ་འགུལ་དེ་ཡུལ་གཞན་དུ་ཁྱབ་སྒྲོག་བྱེད་པའི་ཆེད་དུ་གསེར་ཆེན་རྫོང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་གདན་འདྲེན་ཞུས་ནས་ཡུལ་དངོས་ཀྱི་གནས་ཚུལ་བཀོད་པ་རེད། ཟླ2པའི་ཚེས22ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས“གསར་འགྱུར་མཉམ་སྒྲོག”དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ13གྱི“གསར་འགྱུར་ཐད་གཏོང་ཁང”བརྒྱུད་ནས་བྱ་འགུལ་སྤེལ་བའི་གནས་ཚུལ་བཀོད་པ་རེད།

འབྲེལ་ཡོད་འོས་སྦྱོར།