logo

ཕྱག་ཕྲེང་རྫོང་གིས་བོད་ཆུ་འབྲུག་ལོའི་ལོ་གསར་སྒྱུ་རྩལ་དགའ་སྟོན་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-27 ཀློག་གྲངས།:


རིག་རྩལ་འཁྲབ་སྟོན་སྤེལ་བཞིན་པའི་ཡུལ་དངོས།

ཡུལ་དེའི་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།

  ལོ་གསར་དུས་སྟོན་གྱི་སྐབས་སུ“གླུ་གར་གྱི་རྒྱ་མཚོ”ཞེས་པའི་མཚན་སྙན་གསོལ་ཡོད་པའི་དཀར་མཛེས་ཁུལ་གྱིས་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པོར་བཏང་། དར་རྩེ་མདོ་དང་། རོང་བྲག  ཕྱག་ཕྲེང་སོགས་རྫོང་སོ་སོས་མི་རིགས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་ནས་སྲོལ་རྒྱུན་གྱི་དུས་སྟོན་ཆེན་མོ་རོལ་བ་རེད། “མཛའ་གཞས་ཀྱི་ཕ་ས”ཞེས་པའི་དར་རྩེ་མདོས་མཛའ་གཞས་ཐང་ཆེན་དུ་སྤེལ་བའི“གཉུག་མའི་གླུ་གཞས་འགྲེམ་སྟོན”དང“སྐོར་བྲོ་འཁྲབ་སྟོན”སོགས་ཚར་དུ་དངར་བའི་ལྟད་མོ་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
  དཀར་མཛེས་ཁུལ་གྱིས་ཟླ3པའི་ཚེས1བར་དུ་ལོ་གསར་གྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་ཞིང་། དཀར་མཛེས་ཁུལ་གླུ་གར་ཚོགས་པས་ཚེས21ཉིན་དར་རྩེ་མདོ་རུ་འགོ་བཙུགས་ཏེ་ཞང་གྲོང་དུ་རིག་གནས་སྤེལ་བའི་བྱ་འགུལ་སྣ་ཚོགས་བསྡུས། དཀར་མཛེས་ཁུལ་དུ་གླུ་གར་གྱི་འཁྲབ་སྟོན་བྱ་འགུལ་རབས་དང་རིམ་པ་སྤེལ་པར་མ་ཟད། རྟ་རྒྱུག་འགྲན་སྡུར་དང་རྩལ་འགྲན་པ་སོགས་ཀྱི་ལུས་རྩལ་འགྲན་སྡུར་བྱ་འགུལ་ཡང་མང་པོ་ཞིག་སྤེལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།