པེ་ཅིང་དུ་ཡོད་པའི་བོད་རིགས་སློབ་མ་རྣམས་ཀྱིས་དགུ་ཐུག་བསྐོལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-02-22
ཀློག་གྲངས།:
དགེ་སློབ་རྣམས་ཀྱིས་མཉམ་དུ་དུས་སྟོན་རོལ་བ།
ཟླ2པའི་ཚེས20ཉིན་ཏེ་བོད་ལུགས་ཀྱི་ཚེས་ཉེར་དགུ་ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་རྣམས་ལོ་རེའི་སྲོལ་ལུགས་བཞིན་མཉམ་དུ་འཛོམས་ཏེ་དགུ་ཐུག་བསྐོལ་ནས་བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་རོལ་བའི་འགོ་བརྩམས།
ད་ལོའི་བོད་ཀྱི་ལོ་གསར་གྱི་དུས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ད་དུང་སློབ་འགོ་མ་བརྩམས་པའི་དབང་གིས་བོད་རིགས་སློབ་མ་དང་དགེ་རྒན120ལྷག་མ་གཏོགས་མེད་མོད་ཀྱང་། སློབ་གྲོགས་ཚོས་སྔ་མོ་ནས་བྲོ་བཅུད་ལྡན་པའི་ཐུག་པ་བསྐོལ་ཡོད་པར་མ་ཟད། གླུ་གཞས་དང་ཞབས་བྲོ་སོགས་གྲ་སྒྲིག་བྱས་འདུག་པས་དུས་སྟོན་ལ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག
ཟས་རིགས་སྣ་དགུ་ལས་གྲུབ་པའི་དགུ་ཐུག
སློབ་མ་རྣམས་ཀྱིས་མཉམ་དུ་དུས་སྟོན་རོལ་བ།
འབྲེལ་ཡོད་འོས་སྦྱོར།