ལུས་རྩལ་པ་ཤི་ལོག་སྒྲོལ་མར་རྒྱལ་ཁབ་ཀྱི“ལུས་རྩལ་བདེ་སྐྲུན”ཞེས་པའི་མཚན་གསོལ་བ།
ཤི་ལོག་སྒྲོལ་མས་འགྲན་བསྡུར་སྟེང་འཇུ་རེས་བྱེད་པའི་ཚུལ།
བོད་ཀྱི་བུད་མེད་ལུས་རྩལ་པ་ཤི་ལོག་སྒྲོལ་མར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས“2011ལོའི་ལུས་རྩལ་མཚན་སྙན་གྱི་བྱ་དགའ”གནང་རྗེས། ཉེ་ལམ། 《ལུས་རྩལ་པའི་ནུས་རྩལ་རིམ་གྲས་དོ་དམ་བྱ་ཐབས》ཞེས་པ་གཞི་བཟུང་སྟེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཡང་བསྐྱར་ཁོ་མོར“ལུས་རྩལ་བདེ་སྐྲུན་ཆེན་མོ”ཞེས་པའི་མཚན་གསོལ།
ལུས་རྩལ་བདེ་སྐྲུན་ནི་རྒྱལ་སྤྱི་རིམ་པའི་ལུས་རྩལ་བདེ་སྐྲུན་འཕྲོའི་ཀྲུང་གོའི་ལུས་རྩལ་པའི་ནུས་རྩལ་རིམ་གྲས་ཀྱི་མཚན་སྙན་ཞིག་ཡིན་ཞིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས《ལུས་རྩལ་པའི་ནུས་རྩལ་རིམ་གྲས་དོ་དམ་བྱ་ཐབས》ལས་གཏན་འཁེལ་བྱས་པའི་དགོངས་དོན་ལྟར་ཆོག་མཆན་གནང་བ་དང་དབང་ཡིག་སོགས་སྤྲོད་པ་ཡིན།
ཉེ་བའི་ལོ་འགའི་རིང་། ཚན་རིག་གི་སྦྱོང་བརྡར་དང་། འགྲན་ཞུགས་སྦྱོང་བརྡར་སོགས་བརྒྱུད་དེ་ལུས་རྩལ་པ་ཤི་ལོག་སྒྲོལ་མའི་འགྲན་རྩོད་ཆུ་ཚད་བསྟུད་མར་མཐོར་འདེགས་བྱུང་སྟེ་ཕུལ་དུ་བྱུང་བའི་ལུས་རྩལ་པ་ཞིག་ཏུ་གྱུར། ནང་སྒོས་སུ2011ལོའི་དབྱི་སི་ཐན་པོ(Istanbul)འཛམ་གླིང་འཇུ་རེས་འགྲན་རྩོད་སྟེང་བུད་མེད་རང་དབང་ཅན་གྱི་འཇུ་རེས་སྤྱི་རྒྱ67རིམ་པའི་རྒྱལ་ཁ་ཨང་དང་པོ་བླངས་པ་འདིས་ཁོ་མོའི་ནུས་པ་དེ་འཛམ་གླིང་གི་ཆུ་ཚད་དུ་ཐོན་ཡོད་པ་གསལ་བཤད་བྱས།