བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ།
《སྦྲ་ནག་དུས་སྟོན》ཞེས་པ་ནི་ལེའུ་གཉིས་གཉིས་ཅན་གྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། སྐུ་ཞབས་བསོད་རྡོས་འཁྲབ་ཁྲིད་པ་དང་འཁྲབ་གཞུང་བརྩམས། སྤྱི་ལོ2012ལོའི་ལུགས་རྙིང་གི་ཟླ1པོའི་ཚེས2ཉིན་གྱི་དགོང་མོའི་ཆུ་ཚོད5དང་ཚེས4ཉིན་གྱི་དགོང་མོའི་ཆུ་ཚོད8:50ཡི་ཐོག་མཚོ་སྔོན་བོད་སྐད་བརྙན་ལས་ཐོག་དང་པོར་རྒྱལ་ཡོངས་ཀྱི་ལྟ་མཁན་རྣམ་པར་ལོ་སར་ལེགས་སྐྱེས་སུ་ཕུལ་བར་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་གནང༌།
འདི་ནི་ན་གཞོན་བརྙན་འཕྲིན་ལས་སྒྲུབ་མཁན་སྐུ་ཞབས་བསོད་རྡོ་ཡི་བརྙན་འཕྲིན་ལས་ཀ་ཁྲོད་ཀྱི་ལས་ཚེགས་དང་ནུས་པ་ཆེས་མང་པོ་བཏོན་པའི་བརྙན་འཕྲིན་བརྩམས་ཆོས་ཆེས་གྲས་ཐོག་མ་ཡིན་ལ། ཁོའི་བརྙན་འཕྲིན་བརྩམས་ཆོས་མང་པོ་ཞིག་གིས་རྒྱ་ཆེའི་ལྟ་མཁན་རྣམ་པར་གོ་དཀོན་བློ་འགུགས་ཀྱི་བག་ཆགས་ཟབ་མོ་བཞག་མྱོང་ཞིང༌། རྗེས་ཕྱོགས་མུ་མཐུད་དུ་བརྙན་འཕྲིན་བརྩམས་ཆོས་ཕུལ་བྱུང་ཅན་འབྱུང་སྲིད་པར་ད་དུང་ཡིད་ཆེས་ཡོད།
ཞར་བཀོད།
བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》གྱི་བརྗོད་དོན་གླུ་གཞས།
གླུ་ཚིག་རྩོམ་པ་པོ། ཁམས་རའི་འཕགས་དུངས།
དབྱངས་རྩོམ་པ་པོ། གསང་བདག
གླུ་དབྱངས་ལེན་མཁན། རྡོ་རྗེ་ཚེ་བརྟན།
བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》གྱི་མཇུག་བསྡུའི་བརྗོད་དོན་གླུ་གཞས།
གླུ་ཚིག་རྩོམ་པ་པོ། བསོད་རྡོ།
དབྱངས་རྩོམ་པ་པོ། གསང་བདག
གླུ་དབྱངས་ལེན་མཁན། སྒྲོལ་མ་འཚོ།