logo

རྔ་བ་ཁུལ་གྱིས་བོད་ཀྱི་ལོ་སར་སྐབས་སུ་རིག་གནས་བྱ་འགུལ་ཁག་སྤེལ་འཆར་ཡོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-15 ཀློག་གྲངས།:

              2012ལོའི་བོད་ཀྱི་ལོ་སར་ཐོན་ལ་ཉེ་བའི་དུས་སུ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་ནས་ཁོང་ཚོར་སྤྲོ་སྐྱིད་དང་བདེ་ལེགས་ངང་བོད་ཀྱི་ལོ་སར་ལ་རོལ་ཏུ་འཇུག་པར་དགོངས་ནས་རྔ་བ་ཁུལ་གྱིས་རིག་གནས་བྱ་འགུལ་ཁག་ཅིག་སྤེལ་རྒྱུ་རེད། 
              མཚམས་སྦྱོར་བྱས་པ་ལྟར་ན་ཞིང་གྲོང་སྡོད་དམངས་རྣམས་དུས་སྟོན་གྱི་སྐབས་སུ་རིག་གནས་སྟོན་ཚོགས་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་པར་བྱེད་པའི་ཆེད་དུ་བོད་ཀྱི་ལོ་སར་གྱི་དུས་སུ་ཁུལ་ཡོངས་ཀྱི་རིག་གནས་ཁང་དང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། དྲན་གསོ་ཁང་། ཞིང་བའི་དཔེ་ཁང་སོགས་སྤྱི་བའི་རིག་གནས་སྤེལ་ས་དག་རིན་མི་དགོས་པར་སྒོ་འབྱེད་རྒྱུ་ཡིན་ཞིང་། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་གིས་ཀློག་པ་པོའི་བྱ་འགུལ་ཁག་ཅིག་སྤེལ་ནས་གྲོང་མི་རྣམས་དཔེ་མཛོད་ཁང་དུ་འགྲོ་བར་སྟབས་བདེ་བསྐྲུན་པ་དང་མཉམ་དུ། དུས་སྟོན་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་རིག་གནས་བྱང་ཚད་མཐོར་འདེགས་སུ་བཏང་ནས་སྤྲོ་སྐྱིད་ལྡན་པའི་དུས་སྟོན་ཞིག་རོལ་ཏུ་འཇུག་རྒྱུ་རེད། དེར་མ་ཟད་རྔ་བ་ཁུལ་གྱི་རྫོང་སོ་སོས་སྐོར་བྲོ་དགོང་ཚོགས་ཐེངས11དང་། དམངས་སྲོལ་འགྲེམ་སྟོན་ཐེངས3། ལྷ་མོའི་ཟློས་གར་འཁྲབ་སྟོན་ཐེངས1སོགས་མང་ཚོགས་སྒྱུ་རྩལ་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།