logo

རྔ་བ་རྫོང་ཀིརྟི་དགོན་དུ་རྒྱ་ལོའི་སྨོན་ལམ་ཆེན་མོ་ཚོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-10 ཀློག་གྲངས།:


སྨོན་ལམ་ཆེན་མོའི་དུས་སུ་གོས་སྐུ་བཤམས་པ།

  ཟླ1པའི་ཚེས6ཉིན། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ཀིརྟི་དགོན་པའི་བླ་གྲྭ་རྣམས་དང་ཡུལ་དེའི་དད་ལྡན་མང་ཚོགས་ཀྱིས་གོས་སྐུ་བཤམས་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ནས་རྒྱ་ལོའི་སྨོན་ལམ་ཆེན་མོའི་ཆོས་སྟོན་ལ་རོལ་པ་རེད།


སྨོན་ལམ་ཆེན་མོ་ཚོགས་བཞིན་པའི་ཡུལ་དངོས།

  སྨོན་ལམ་ཆེན་མོ་ནི་བོད་ཁུལ་ཡོངས་སུ་རྒྱ་ཆེས་ཆེ་བ་དང་ཆེས་གཙོ་ཆེ་བའི་ཆོས་ལུགས་ཀྱི་དུས་སྟོན་ཆེན་མོ་ཞིག་ཡིན་ཞིང་། དེ་ནི་རྗེ་ཙོང་ཁ་བའི་མཛད་རྣམ་ཆེན་པོ་བཞིའི་ཡ་གྱལ་སྟེ་ཁོང་དགུང་ལོ་ང་དགུ་སྟེང(སྤྱི་ལོ1409)ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་ལས་བྱུང་བ་ཡིན་ཞིང་། ཕྱིས་སུ་རིམ་གྱིས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བོད་ཡུལ་ཆོལ་ཁ་གསུམ་གྱི་ཆོས་སྡེ་ཡོངས་སུ་ཉམས་པ་མེད་པར་དར་སྤེལ་བྱུང་བར་བརྒྱུད་ཆོས་ལུགས་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུ་གྱུར། སྨོན་ལམ་ཆེན་མོ་ནི་ཉིན་ཉེར་གཅིག་རིང་དུ་སྤེལ་བ་ཡིན་ཏེ། རྒྱ་ལོའི་ཚེས་བཞི་ནས་སྨོན་ལམ་གྱི་གྲལ་འཛིན་འགོ་ཚུགས་པ་ནས་ཚེས་ཉེར་ལྔའི་བར་དུ་རྟེན་མཆོག་སྤྱན་ངར་མཆོད་པ་སྣ་ཚོགས་བཤམས་ནས་དགེ་འདུན་ཡོངས་དང་དད་ལྡན་མང་ཚོགས་ཀྱིས་བསྙེན་བཀུར་བླ་ན་མེད་པ་གནང་སྟེ་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཞལ་འདོན་ཐུགས་སྨོན་རྒྱ་ཆེར་མཛད་པར་མ་ཟད། གོས་སྐུ་བཤམས་པ་དང་། འཆམ་འཁྲབ་པ། གཏོར་རྒྱག་པ་སོགས་ཆོས་ལུགས་ཀྱི་ཆོ་ག་རབས་དང་རིམ་པ་སྤེལ་བ་ཡིན།
  རྒྱ་ལོའི་སྨོན་ལམ་གྱི་སྐབས་སུ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་དང་། ལྷ་སྐུ་ཁྱད་དུ་འཕགས་པ། ཆོས་ཀྱི་ཡོ་བྱད། གཏོར་རྒྱག  མེ་ཏོག་མཆོད་པ་སོགས་བོད་བརྒྱུད་ནང་བསྟན་རིག་གནས་དང་སྒྱུ་རྩལ་གྱི་གཙུག་ནོར་མཐའ་དག་ལ་མཇལ་ཐུབ་གཤིས། འདི་ནི་བྱིན་རླབས་དཔལ་གྱིས་ཕྱུག་པའི་དུས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མ་ཟད། རིག་གནས་ཀྱི་དུས་སྟོན་ཆེན་མོ་ཞིག་ཀྱང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།