logo

རྔ་བའི་གཙགས་དྲུབས་ལག་རྩལ་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་དུ་བཤམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-10 ཀློག་གྲངས།:


རྔ་བ་ཁུལ་བོད་ཀྱི་སྲོལ་རྒྱུན་གཙགས་དྲུབས་ལས་གཞིའི་ཞིང་ཆེན་རིམ་པའི་རྒྱུན་འཛིན་ཚབ་
བྱེད་མི་སྣ་གཡང་དཔལ་སྒྲོན་གྱིས་འགྲེམ་སྟོན་སྟེང་རང་གི་མྱོང་ཚུར་བརྗོད་པ།

          ཉེ་ལམ།  རིག་གནས་པུའུ་སོགས་པུའུ་ཨུས་གཙོ་སྒྲུབ་གནང་བའི“ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན”པེ་ཅིན་ནས་སྤེལ་ཞིང་།  འབྲེལ་ཡོད་འགོ་ཁྲིད་དག་ཐེངས་འདིའི་འགྲེམ་སྟོན་ཡུལ་དངོས་ལ་སླེབས་ཏེ་གཏམ་བཤད་གནང་བ་དང་།  རྔ་བ་ཁུལ་བོད་ཀྱི་སྲོལ་རྒྱུན་གཙགས་དྲུབས་ལས་གཞིའི་ཞིང་ཆེན་རིམ་པའི་རྒྱུན་འཛིན་ཚབ་བྱེད་མི་སྣ་གཡང་དཔལ་སྒྲོན་གྱིས་འགྲེམ་སྟོན་སྟེང་རང་གི་མྱོང་ཚུར་བརྗོད་པ་རེད། 


འགྲེམ་སྟོན་ཡུལ་དངོས་སུ་བོད་ཀྱི་གཙགས་དྲུབས་ལག་རྩལ་མངོན་བཞིན་པ།

          ཐེངས་འདིའི་འགྲེམ་སྟོན་ནི་རིག་གནས་པུའུ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་སྡེ་ཁག་མཉམ་ཞུགས་ཚོགས་འདུ་འཐུས་མིའི་ལས་ཁུངས་དང་།  རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་།  པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་མཉམ་འབྲེལ་སྒོས་སྤེལ་པ་ཞིག་ཡིན་ལ།  རྔ་བ་ཁུལ་བོད་ཀྱི་གཙགས་དྲུབས་ལག་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི8དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་སོགས་ལ་ཐེངས་འདིའི་འགྲེམ་སྟོན་སྟེང་གཟེངས་བསྟོད་དང་དགའ་བསུ་ཆེན་པོ་ཐོབ།  དེར་བརྟེན།  འབྲེལ་ཡོད་སྨྱན་བྱད་ལས་རིགས་ཀྱིས་སི་ཁྲོན་གྱི་འགྲེམ་ཞུགས་ལས་གཞི་རྒྱུན་འཛིན་པ་དང་སི་ཁྲོན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གྲུབ་འབྲས་བྱ་བར་གསར་འགོད་རྒྱས་ཆེན་གནང་བ་རེད།  


འབྲེལ་ཡོད་འོས་སྦྱོར།