དཔའ་རིས་རྫོང་གི་བོད་དམངས་རྣམས་ཀྱིས་བཅོ་ལྔའི་དུས་ཆེན་རོལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-02-08
ཀློག་གྲངས།:

ལག་ཏུ་ཁ་བཏགས་བཟུང་ནས་སྐོར་བྲོ་འཁྲབ་པ།
ཟླ2པའི་ཚེས6ཉིན། དཔའ་རིས་རྫོང་རབ་རྒྱས་དགོན་གྲོང་རྡལ་གྱི་བོད་རིགས་སྡེ་བ་ཞིག་ཏུ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་ནས་རྒྱ་ལོ་བཅོ་ལྔའི་དུས་ཆེན་ལ་རོལ། ཉིན་དེར་སྡེ་མི་ཡོངས་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་མཉམ་དུ་འཛོམས་ནས་སྙན་མོ་གླུ་ཡི་འགྱུར་ཁུག་ངག་ལ་འགུག་བཞིན་མཉེན་ལྕུག་གར་གྱི་སྟངས་སྟབས་བསྒྱུར་ཏེ་འཁྲབ་སྟོན་ཕུན་སུམ་ཚོགས་པ་སྤེལ་བས་དུས་འདིར་གང་ས་གང་དུ་གླུ་གར་གྱི་རྒྱ་མཚོ་ཇི་བཞིན་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག གླུ་ལེན་གར་རྩེད་ནི་བོད་མི་རིགས་ཀྱི་དུས་སྟོན་རོལ་བའི་སྲོལ་ལུགས་ཤིག་ཡིན་ཞིང་། དཔའ་རིས་བོད་ཁུལ་གྱི་རྩེད་རིག་ལ་མཚོན་ན་ལོ་རྒྱུས་ཀྱི་བྱུང་བ་ཤིན་ཏུ་རིང་བར་མ་ཟད། གནའ་རབས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མང་པོ་ཞིག་ད་ལྟའི་བར་དུ་ཉམས་པ་མེད་པར་རྒྱུན་འཛིན་བྱས་ཡོད་པ་རེད།

སྙན་མོ་དབྱངས་དང་སྡེབ་ནས་སྐྱིད་པའི་བྲོ་གར་འཁྲབ་པ།
འབྲེལ་ཡོད་འོས་སྦྱོར།
