མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་སུའེ་ཙེར་ནས་འཁྲབ་སྟོན་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-02-08
ཀློག་གྲངས།:
ཟླ2པའི་ཚེས5ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་སུའེ་ཙེར་གངས་ཤུད་གནས་མཆོག་ཨ་ལོ་སཱ་གྲོང་ཁྱེར་ནས་འཁྲབ་སྟོན་བྱས་ཤིང་། ཁོང་ཚོས་བོད་མི་རིགས་ཀྱི་གཞུང་དྲང་བབ་ཆགས་དང་སྤྲོ་སེམས་ཆེ་བ་སོགས་ཀྱི་ཁྱད་ཆོས་མངོན་པས་ཡུལ་དེ་གའི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
འཁྲབ་སྟོན་ལ་ལྟ་བཞིན་པའི་ཨ་ལོ་སཱ་གྲོང་ཁྱེར་གྱི་སྲིད་དཔོན་ཧྲི་མེ་ཏིས་བཤད་རྒྱུར། ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ནི་ཨ་ལོ་སཱ་གྲོང་ཁྱེར་ང་སེམས་ཀྱི་ཉི་ཟླ་རྫོང་གཉིས་ཀའི་མཛའ་མཐུན་གྱི་འབྲེལ་བ་བཙུགས་པའི་རྒྱབ་ལྗོངས་འོག་མཉམ་དུ་སྤེལ་བའི་རིག་གནས་བརྗེ་རེས་བྱ་འགུལ་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་ངེད་གྲོང་ཁྱེར་དུ་ཕེབས་པར་ལྷག་བསམ་འཁོལ་བའི་དགའ་བསུ་ཞུ་བ་ཡིན་ཞེས་བརྗོད་པ་རེད།
ལྟད་མོ་བ་རྣམས་ཀྱིས་བསྟན་དོན་ཐེངས་འདིའི་བོད་མི་རིགས་ཀྱི་གཉུག་གནས་གླུ་གར་འཁྲབ་སྟོན་ཕུན་སུམ་ཚོགས་པར་བརྒྱུད་ནས་བོད་མི་རིགས་ཀྱི་གླུ་གར་ཁྲོད་སྤྲོ་སེམས་ཀྱིས་ཁེངས་པའི་རྣམ་པ་དང་ཁྱད་དུ་འཕགས་པའི་གཟི་ཉམས་ཉམས་སུ་མྱོང་ཐུབ་པས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ཀྱི་སྤྲོ་བ་སྔར་ལས་ལྷག་པར་གྱུར་ཞེས་བཤད་པ་རེད།

འབྲེལ་ཡོད་འོས་སྦྱོར།