བོད་ལྗོངས་ལྷོ་ཁའི་སྐབས་དང་པོའི་ལོ་གསར་གྱི་བརྙན་འཕྲིན་སྒྱུ་རྩལ་མཚན་ཚོགས་བསྡུས་པ།
ལྷོ་ཁ་ས་ཁུལ་གྱི་ལོ་གསར་མཚན་ཚོགས“ཞི་མཐུན་གྱི་ཡར་ཀླུང”ཞེས་པ་བསྡུ་བཞིན་པ།
ཟླ2པའི་ཚེས4ཉིན། ལྷོ་ཁ་ས་ཁུལ་གྱི་བོད་ཀྱི་ལོ་གསར་མཚན་ཚོགས“ཞི་མཐུན་གྱི་ཡར་ཀླུང”ཞེས་པ་གཟབ་རྒྱས་ངང་བསྡུས་པ་རེད། འདི་ནི་ལྷོ་ཁ་ས་ཁུལ་གྱིས་བསྡུས་པའི་སྐབས་དང་པོའི་ལོ་གསར་གྱི་བརྙན་འཕྲིན་སྒྱུ་རྩལ་མཚན་ཚོགས་ཡིན་ཞིང་། དུས་ཚོད་གཉིས་རིང་གི་ལྟ་བས་མི་ངོམས་པའི་འཁྲབ་སྟོན་གྱིས་གཟིགས་མོ་བ་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།
གླུ་མ་གཡང་འཛོམས་ཀྱིས《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ཞེས་པ་ལེན་བཞིན་པ།
《ལྷ་མོ་ལྷ་མཚོ》ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
སྐབས་འདིའི་སྒྱུ་རྩལ་མཚན་ཚོགས་ཀྱིས“ཞི་མཐུན་གྱི་ཡར་ཀླུང”ཞེས་པ་བརྗོད་གཞིར་བྱས་ནས་གླུ་གཞས་དང་། ཞབས་བྲོ། ཁ་ཤགས་སོགས་རྣམ་པ་དུ་ལེགས་པོར་ཟུང་སྦྲེལ་བྱས་ཤིང་། གར་སྟེགས་སྟེང་གི་འཁྲབ་སྟོན་དངLEDབརྙན་ཡོལ་ཆེན་མོའི་རྒྱབ་ལྗོངས་གཉིས་ཕན་ཚུན་གཞོགས་སྤྲས་འོག་ལྷོ་ཁ་ས་ཁུལ་གྱི་ཞི་མཐུན་དང་། འཕེལ་རྒྱས། བརྟན་འཇགས། ཡར་ཐོན་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་མཉམ་དུ། སྒྱུ་རྩལ་གྱི་ལམ་ནས་ལྷོ་ཁ་ས་ཁུལ་གྱི་མི་རིགས་སོ་སོས་ལྷོ་ཁའི་འཕེལ་རྒྱས་དང་བརྟན་འཇགས་ཐད་བཞག་པའི་གྲུབ་འབྲས་མངོན་པར་བྱས་པས་སྒྱུ་རྩལ་རང་བཞིན་དང་གཟིགས་མོ་རང་བཞིན་ལེགས་པོར་གཅིག་གྱུར་བྱས་པ་རེད།