བརླན་སའི་གནས་སྐོར་དེ་བོད་ལྗོངས་གནས་སྐོར་གྱི་ཁྱད་ཆོས་ཤིག་ཏུ་འགྱུར་ངེས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-02-05
ཀློག་གྲངས།:
ཟླ2པའི་ཚེས2ཉིན་ནི་ཐེངས16པའི་འཛམ་གླིང་བརླན་སའི་ཉིན་ཡིན་ཞིང་། བོད་ལྗོངས་ནགས་ལས་ཅུས་སྐབས་འདི་དང་བསྟུན་ནས་བརླན་སའི་གནས་སྐོར་གྱི་འཆར་བཀོད་ལེགས་པོ་བཏོན་ནས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བརླན་སའི་གནས་སྐོར་རྒྱ་ཆེན་པོར་སྤེལ་བ་རེད།
རྒྱུས་ལོན་པ་ལྟར་ན་བོད་ལྗོངས་སུ་བརླན་ས་སྤྱི་ཆིང་ཁྲི652.35ཡོད་ལ། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི4.9%ཟིན་ཡོད་པས་བོད་ལྗོངས་ཀྱི་བརླན་སའི་སྐྱེ་ཁམས་དེ་སའི་གོ་ལ་ཡོངས་ཀྱི་རང་བྱུང་ཁོར་ཡུག་ཁྲོད་གནས་བབ་གལ་ཆེན་ཞིག་ཏུ་གྱུར་འདུག ཡར་ཀླུང་གཙང་པོ་དང་། མ་ཕམ་གཡུ་མཚོ། བྱང་ཐང་། ཇོ་མོ་གླང་མ་སོགས་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་པ་དེས་སྲོག་ཆགས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་དང་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
བོད་ལྗོངས་ནགས་ལས་ཅུས་ཐབས་རྒྱ་ཇུས་གཏོང་སྒོས་དྲིལ་སྒྲོག་བྱས་ཏེ་སྤྱི་དམངས་རྣམས་ཀྱི་བརླན་ས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་ཐང་ཆེད་བརླན་སའི་ཕན་ནུས་རྒྱ་ཆེན་པོར་འདོན་སྤེལ་བྱེད་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།