ཆོས་དབྱངས་སྐྱིད་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྲུང་གོའི་མཆོང་རྒྱུག་གི་མིང་ཐོ་ཆེན་མོར་བདམས།
བོད་རིགས་ལུས་རྩལ་པ་ཆོས་དབྱངས་སྐྱིད(བར)2011ལོའི་ཅང་སོའི་ཐཱད་ཚང་འགྲན་སྡུར་སྟེང་བྱ་དགའ་ཐོབ་པ།
ཟླ2པའི་ཚེས3ཉིན། རྒྱལ་ཁབ་ལུས་རྩལ་ཅུའི་མཆོང་རྒྱུག་ལུས་རྩལ་དོ་དམ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་མཆོང་རྒྱུག་རུ་ཁག་གི་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་མཆོང་རྒྱུག་རྣམ་གྲངས་ཀྱི་མི128ཁྲོད་བདམས་པ་རེད།
ཅང་སོའི་ཐཱད་ཚང་ནས་བསྡུས་པའི2011ལོའི་རྒྱལ་སྤྱིའི་འགྲོ་རྩལ་འགྲན་སློང་འགྲན་སྡུར་རམ2011ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་རྟིང་རྩོད་འགྲན་སྡུར་སྟེང་མཚོ་སྔོན་གྱི་འགྲན་ཞུགས་པ་ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཡོངས་སུ་ཨང་གཉིས་པ་དང་འཛམ་གླིང་ཡོངས་སུ་ཨང་ལྔ་བ་ལོན་པས། ཁོ་རེའི་ཏཱ་ཆིའི་འཛམ་གླིང་མཆོང་རྒྱུག་ལེགས་ཐོན་འགྲན་སྡུར་གྱི་འགྲན་ཞུགས་ཐོབ་ཐང་ལོན་པར་མ་ཟད། འགྲན་སྡུར་དེའི་ཁྲོད་ཨང5བ་བླངས། ཁོ་མོ་ནི་འཛམ་གླིང་མཆོང་རྒྱུག་འགྲན་སྡུར་ཁྲོད་མཚོ་སྔོན་གྱི་ལུས་རྩལ་བ་ཐོག་མ་ཡིན་པ་རེད།
ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ཕུལ་དུ་བྱུང་བའི་བོད་རིགས་ཀྱི་འགྲོ་རྩལ་འགྲན་ཞུགས་པ་ཞིག་ཡིན་ལ། 2010ལོའི་ཟླ7པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས།2010ལོའི་ཟླ9བར་རྒྱལ་ཁབ་ལུས་རྩལ་ཅུའུ་དང་། ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱི་མཉམ་དུ་གཙོ་སྒྲུབ་བྱས་ནས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་འགྲོ་རྩལ་འགྲན་ཚོགས་སམ་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ལ་བགྲོད་པའི་བུད་མེད་དར་མ་རུ་ཁག་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་རེད།
ཟླ2པའི་ཚེས11ནས་ཟླ3པའི་ཚེས29ཉིན་སྤེལ་བའི་ཨོ་རྩལ་འགྲན་ཚོགས་ཀྱི་ལེགས་བདམས་འགྲན་སྡུར་སྟེང་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལུན་ཏུན་ནས་བསྡུ་བའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་ཨོ་རྩལ་རུ་ཁག་དུ་བདམས་ཐུབ་མིན་ཐག་གཅོད་ཐུབ་པ་རེད། ཁོ་མོ་ལུན་ཏུན་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་ཐུབ་ཚེ་འགྲན་ཚོགས་འདིའི་ལོ་རྒྱུས་སྟེང་གི་བོད་རིགས་བུད་མེད་འགྲན་ཞུགས་པ་དང་པོ་ཡིན་པ་རེད།