དཔའ་ལུང་བོད་ཡུལ་གྱི་སྤྲོ་ཚོགས་ཆུང་ཆུང་།

ཡུལ་གཞན་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་རྣམས་ཕ་ཡུལ་དུ་ལོག་ནས་ཡུལ་མི་རྣམས་ལ་ལྟད་མོ་སྟོན་པ།
ལྷ་རྫས་ཁ་བཏགས་དགུང་ལ་གཡུག་བཞིན་ཞབས་བྲོ་འཁྲབ་པ།
ཟླ2བའི་ཚེས1ཉིན། དཔའ་ལུང་རྫོང་སྟག་ཚང་ཡུལ་ཚོའི་སྡེ་བ་བཅུས་དམངས་ཁྲོད་ཀྱི་ལོ་སར་རིག་རྩལ་འཁྲབ་སྟོན་སྣ་ཚོགས་རྩ་འཛུགས་བྱས་ནས་སྡེ་མི་ཡོངས་ཀྱི་སྤྱན་ངར་དུ་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་ཕུལ་བས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
སྟག་ཚང་ཡུལ་ཚོ་ནི་དཔའ་ལུང་རྫོང་ཤར་ཕྱོགས་ཀྱི་རི་ཁུལ་དུ་མངའ་བའི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཡུལ་ཞིག་ཡིན་ཞིང་། ཡུལ་ཚོ་ཡོངས་སུ་མི7598དང་དེ་ལས་བོད་རིགས་མི3756ཡོད་པ་རེད། ཡུལ་ཚོ་འདིས་བསྟུད་མར་ལོ་ལྔའི་རིང་དུ་རང་འགུལ་གྱིས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་སྤེལ་བ་དང་། ལོ་བཅུའི་རིང་དུ་ཡུལ་ཚོ་ཡོངས་ཀྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ་སོགས་མང་ཚོགས་ཀྱི་རིག་རྩལ་བྱ་འགུལ་ཕུན་སུམ་ཚོགས་པོར་བཏང་སྟེ་ཞིང་པ་མང་ཚོགས་ཀྱི་རིག་གནས་རོལ་རྩེད་དང་བསམ་པའི་དཔལ་ཡོན་གྱི་རེ་འདོད་ཚིམས་པར་བྱས་པ་རེད།
