logo

སིང་ཀ་ཕོར་ནས་བོད་ལྗོངས་དེང་རབས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-01 ཀློག་གྲངས།:


ཁ་སང་དང་དེ་རིང་།--བོད་ལྗོངས་དེང་རབས་སྒྱུ་རྩལ་འགྲེམ་སྟོན།

  ཉེ་ཆར། སིང་ཀ་ཕོར་སྒྱུ་རྩལ་གླིང་གསར་བ་དང་བོད་ལྗོངས་མཛེས་རིས་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབ་པའི“ཁ་སང་དང་དེ་རིང་།--བོད་ལྗོངས་དེང་རབས་སྒྱུ་རྩལ་འགྲེམ་སྟོན”སིང་ཀ་ཕོར་ནས་སྤེལ་ཞིང་། འགྲེམ་སྟོན་འདི་ཟླ1པའི་ཚེས13ནས་ཟླ4བའི་ཚེས15བར་དུ་སྤེལ་རྒྱུ་རེད།  ཐེངས་འདིའི་འགྲེམ་སྟོན་ནི་ཕྱོགས་གཉིས་ཀའི་མཉམ་འབྲེལ་བྱེད་ཐེངས་ལྔ་བ་ཡིན་ལ། གཙོ་སྒྲུབ་ཕྱོགས་ཀྱིས་བོད་ལྗོངས་ཀྱི་རི་མོ་བ་གྲགས་ཅན་དྲུག་གདན་འདྲེན་བྱས་པར་མ་ཟད། དམངས་ཁྲོད་ཀྱི་ཐང་གའི་ལྷ་རིས་པ་གཅིག་གདན་འདྲེན་བྱས་ཡོད་པ་རེད། སྲོལ་རྒྱུན་གྱི་སྒྱུ་རྩལ་དང་དེང་རབས་སྒྱུ་རྩལ་མཉམ་དུ་སྤེལ་བའི་ཐབས་ལམ་ལ་བརྟེན་ནས་ལྟད་མོ་བ་རྣམས་ཀྱིས་བོད་ལྗོངས་མཛེས་རིས་ཀྱི་རྒྱུན་འཛིན་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་རིག་གནས་ཁྱད་ཆོས་མཐོང་མ་ཉིད་དུ་མྱོང་ཐུབ་པ་རེད།


ལྟད་མོ་བ་རྣམས་ཀྱིས་མཛེས་རིས་ལ་གཟིགས་བཞིན་པ།

ལྟད་མོ་བ་རྣམས་ཀྱིས་མཛེས་རིས་ལ་གཟིགས་བཞིན་པ།

ལྟད་མོ་བས་མཛེས་རིས་ལ་གཟིགས་བཞིན་པ།

འགྲེམ་སྟོན་ལ་ཞུགས་པའི་རི་མོ་བ་རྣམས་མཉམ་དུ་པར་སྐྱོན་པ།


འབྲེལ་ཡོད་འོས་སྦྱོར།