རྔ་བ་ཁུལ་ཟུང་ཆུ་རྫོང་གིས་དམངས་སྲོལ་འགྲེམ་སྟོན་བྱ་འགུལ་སྤེལ་བ།
འགྲེམ་སྟོན་བྱ་འགུལ་སྤེལ་བའི་ཡུལ་དངོས།
ལོ་གསར་གྱི་སྐབས་སུ་ཟུང་ཆུ་རྫོང་གིས་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་པར་བརྒྱུད་ཡུལ་དེ་གའི་མང་ཚོགས་དང་གནས་སྐོར་བ་རྣམས་ཀྱིས་སྤྲོ་དགའི་ངང་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པར་རོལ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གནས་སྐོར་བ་རྣམས་ཀྱིས་ཡུལ་དེའི་ཁྱད་དུ་འཕགས་པའི་གོམས་སྲོལ་དང་གཟི་དཔལ་ཉམས་སུ་མྱོང་ཐུབ་ལ། གནས་སྐོར་བ་ཞིག་གིས“དུས་ཀྱི་བཞུར་རྒྱུན་དང་བསྟུན་ནས་ཡུལ་སྲོལ་གོམས་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་མོད། བློ་ཡུལ་ལས་འདས་པ་ཞིག་ལ་ཟུང་ཆུ་རུ་དེ་ལས་ལྡོག་སྟེ་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྲོལ་རྒྱུན་གྱི་གོམས་སྲོལ་མང་པོ་ཞིག་ཉམས་པ་མེད་པར་རྒྱུན་འཛིན་བྱས་ཡོད་པར་མ་ཟད། མི་རིགས་སོ་སོའི་ཐ་དད་ཀྱི་རིག་གནས་ཡུལ་འདིར་གཞི་གཅིག་ཏུ་འདྲེས་ཡོད་པས་མི་རིགས་ང་དྲུག་ཁྱིམ་གཅིག་ཏུ་འཆམ་མཐུན་གྱིས་འཚོ་བའི་དོན་སྙིང་རྟོགས་ཐུབ”ཅེས་བརྗོད་པ་རེད།