logo

མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་བརླན་ས་ཞན་འགྱུར་གྱི་ཞིབ་འཇུག་ལས་གཞིའི་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-27 ཀློག་གྲངས།:
              ཉེ་ཆར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་པས་ཡུལ་ཤུལ་རིན་པོའི་བརླན་སར་བརྟག་དཔྱད་བྱས་ཤིང་། འདིས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི“གཙང་གསུམ་འབྱུང་ཡུལ་བརླན་ས་ཁུལ་གྱི་ཆུའི་དོ་སྙོམས་རྣམ་པ་དང་སྐྱེ་ཁམས་ཀྱི་མཁོ་ཆུའི་ཞིབ་འཇུག”ལས་གཞི་དངོས་སུ་འགོ་བརྩམས་པ་མཚོན་ཐུབ།
              “གཙང་གསུམ་འབྱུང་ཡུལ་གྱི་བརླན་ས་ཆུའི་དོ་སྙོམས་རྣམ་པ་དང་སྐྱེ་ཁམས་ཀྱི་མཁོ་ཆུའི་ཞིབ་འཇུག”ལས་གཞི་ནི2011ལོར་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་གཙོ་བོའི་གྲས་ཤིག་ཡིན་ཞིང་། འབྲི་ཆུའི་འབྱུང་ཡུལ་གྱི་བརླན་སར་ལོ་གཉིས་རིང་དུ་བརྟག་དཔྱད་ཚོད་ལྟ་བྱེད་རྒྱུ་རེད། ཞིབ་འཇུག་འདིས་བརླན་སའི་ཁུལ་གྱི་ཆར་འབབ་ཚད་དང་། ནང་འདྲེན། ཕྱིར་གཏོང་སོགས་ཆུའི་དོ་སྙོམས་ཀྱི་གཞི་གྲངས་བླངས་ནས་གྲང་ངར་ཆེ་བའི་ས་ཁུལ་གྱི་བརླན་ས་ཆུའི་དོ་སྙོམས་རྣམ་པ་གསར་དུ་བསྐྲུན་ནས་བརླན་ས་ཞན་འགྱུར་དང་དེའི་རྒྱུ་རྐྱེན་ལ་རྟོག་ཞིབ་དང་འགྲེལ་བཤད་བྱ་རྒྱུ་རེད།
              མཚོ་སྔོན་ཞིང་ཆེན་གནམ་གཤིས་ཞིབ་འཇུག་ཁང་གིས་ལས་བྱེད་མི་སྣའི་ལྟ་ཚུལ་ལྟར་ན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་དུ་རང་རྒྱལ་དུ་རྒྱ་ཁྱོན་ཆེས་ཆེ་ཞིང་ས་བབ་ཆེས་མཐོ་བའི་རང་བྱུང་གི་བརླན་ས་ཡོད་པས། ལས་གཞི་འདིས་ས་རྒྱུས་ཆ་འཕྲིན་དང་འཁོར་སྐར་གནད་འགག་རྒྱང་ཚོར་ལག་རྩལ་སྤྱད་དེ་གཙང་གསུམ་འབྱུང་ཡུལ་གྱི་བརླན་ས་ཞན་འགྱུར་གྱི་གནས་ཚུལ་སོགས་ལ་རྒྱུན་ལོན་བྱས་ནས་ཡུལ་དེ་གའི་ཆུའི་ཐོན་ཁུངས་དང་བརླན་སའི་སྲུང་སྐྱོབ་དང་གསར་སྐྲུན་ལ་ཚན་རིག་གི་གཞི་རྟེན་འདོན་སྤྲོད་བྱ་རྒྱུ་ཡིན་ནོ།


འབྲེལ་ཡོད་འོས་སྦྱོར།