logo

2012ལོར་མཚོ་སྔོན་པོའི་འཁྱགས་རོམ་སྟེང་བརྒལ་བའི་བྱ་འགུལ་སྤེལ་འཆར་ཡོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-23 ཀློག་གྲངས།:
              ཟླ2པའི་ཚེས2ཉིན་མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོབ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་སྤེལ་བའི“2012ལོར་མཚོ་སྔོན་པོའི་འཁྱགས་རོམ་སྟེང་རྐང་ཐང་དུ་བརྒལ་བ”ཞེས་པའི་བྱ་འགུལ་སྤེལ་རྒྱུ་རེད།
              རྒྱུས་ལོན་བྱུང་བ་ལྟར་ན། 2011ལོར་མཚོ་སྔོན་པོའི་འཁྱགས་རོམ་སྟེང་རྐང་ཐང་དུ་བརྒལ་བའི་བྱ་འགུལ་སྤེལ་བ་ནས་བཟུང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐུགས་ཁུར་ཆེན་པོ་ཐོབ་ཅིང་། མིག་སྔར“ཀྲུང་གོའི་ལུས་རྩལ་རྣམ་གྲངས་དང་གནས་སྐོར་བསྐྱོད་ལམ་གྱི་འོས་སྦྱོར་མིང་ཐོ”རུ་བདམས་པ་རེད། ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཀྱིས་དགུན་ཁར་སྤེལ་བའི“དགུན་དུས་ཀྱི་མཚོ་སྔོན་པོར། སྤྲོ་སྣང་ཀུན་ལས་ལྷག”ཅེས་པའི་མུ་འབྲེལ་བྱ་འགུལ་གྱི་ཁག་ཅིག་ཡིན་ལ། བྱ་འགུལ་ཁྲོད་ཁོངས་མི50ལས་གྲུབ་པའི་རུ་ཁག་ཅིག་གིས་ཉིན་བཞིའི་རིང་དུ་ཐེངས་དང་པོར་བྱ་གླིང་ནས་མཚོ་སྙིང་། དེ་ནས་བྱེ་གླིང་བཅས་ཤར་ནུབ་བར་དུ་འཕྲེད་ཀྱིས་བརྒལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།