logo

མཚོ་སྔོན་རྨ་ལྷོ་ཁུལ་གྱིས་བོད་ཀྱི་རིག་གནས་ཐོན་ལས་ཚོགས་པའི་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་འཆར་གཞི་བཀོད་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2012-01-19 ཀློག་གྲངས།:
          གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་དང་ཚོད་ལྟ་ཁུལ་ཡིན་པའི་ཆ་ནས་རྨ་ལྷོ་ཁུལ་གྱིས་རྒྱལ་ནང་དུ་ཆེས་སྔོན་གྲས་ཀྱི་བོད་ཀྱི་རིག་གནས་རྟེན་གཞི་གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ཚད་ལྡན་གྱི་ཞིབ་འཇུག་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཅིག་ཏུ་འབྲེལ་བའི་གསར་སྤེལ་རྣམ་པ་བཙུགས་ནས་མཚན་སྙན་ཅུང་མཐོ་བའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཆས་རྟགས་སྐོར་ཞིག་གསོ་སྐྱོང་བྱེད་རྒྱུ་རེད།
          རྨ་ལྷོ་ཁུལ་ཐུན་རིན་རྫོང་ལ་བོད་རིགས་ཀྱི་ཐང་གའི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་ལ། ས་འདི་ནས་དར་སྤེལ་བྱུང་བའི་རེབ་གོང་སྒྱུ་རྩལ་གྱིས་ཐང་ག་དང་ལྡེབས་བྲིས། བརྩེགས་དྲུབ། བརྐོས་རིས་བཅས་གཙོ་བོར་བཟུང་སྟེ་ཁྱད་ཆོས་སུ་གྲུབ་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་འཐུས་ཚབ་མིང་མཛོད་དུ་བདམས།
          ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིས་ཞོན་ཧྲིན་གྱིས་བཤད་རྒྱུར། ཐང་ག་ནི་རེབ་གོང་སྒྱུ་རྩལ་གྱི་འཐུས་ཚབ་བརྩམས་ཆོས་ཡིན་ལ། མང་ཚོགས་དང་ཚོང་རའི་ཆེས་དགའ་བསུ་བྱེད་པའི་རིག་གནས་ཐོན་རྫས་ཤིག་ཀྱང་ཡིན་པས། དེར་བརྟེན་ནས་བོད་ཀྱི་རིག་གནས་རྟེན་གཞི་གསར་འཛུགས་བྱེད་པ་ནི་བོད་ཀྱི་རིག་གནས་ཀྱི་ཁྱད་དུ་འཕགས་པའི་ཉིང་བཅུད་དང་ས་ཁོངས་ཁྱད་ལྡན་རིག་གནས་རྒྱུད་སྒྲོག་བྱེད་པར་དོན་སྙིང་གལ་ཆེན་ལྡན།
         མི་རིགས་དང་སྲོལ་རྒྱུན། ལག་བཟོས་ཁྱད་ལྡན་ཐོན་རྫས་ལ་བརྩི་འཇོག་དང་། བོད་ཀྱི་རིག་གནས་ཐོན་ལས་ཚོགས་པའི་དཔེ་སྟོན་ཁུལ་གྱི་ཐོག་མའི་འཆར་འགོད་ལ་ཁུལ་དྲུག་དུ་བགོས་ཡོད་དེ། ཕྱི་དར་རིག་གནས་ར་བ་ཁུལ་དང་རེབ་གོང་རིག་གནས་ར་བ་ཁུལ། རེབ་གོང་སྒྱུ་རྩལ་ར་བ་ཁུལ། རེབ་གོང་སྨྱན་བྱད་འགུལ་རིས་ར་བ་ཁུལ། སྐྱེ་ཁམས་རིག་གནས་ར་བ་ཁུལ། བོད་རིགས་དམངས་སྲོག་རིག་གནས་ར་བ་ཁུལ་བཅས་ཡིན།
          ལིས་ཞོན་ཧྲིན་གྱིས་བཤད་རྒྱུར། ང་ཚོས་བོད་རིགས་དམངས་ཁྲོད་དམངས་སྲོལ་རིག་གནས་ལ་སྔོག་འདོན་དང་དག་སྒྲིག གནའ་བོའི་བཟོ་བཀོད་སླར་གསོ་བྱེད་རྒྱུ་ཡིན་པ་མ་ཟད། གནས་སྐོར་རིག་གནས་དུས་ཆེན་སྣ་ཚོགས་སྤེལ་རྒྱུ་ཡིན་ཟེར་ལ། འདི་ནི་མི་རིགས་རིག་གནས་དང་ཁྱད་ལྡན་རིག་གནས། ས་ཁོངས་རིག་གནས་བཅས་ཁྱད་ཆོས་སུ་བཟུང་བའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཚོགས་སྒྲིལ་ཞིག་ཡིན་པ་དང་། མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་དཔེ་སྟོན་ར་བའི་ཁུལ་ཞིག་ཀྱང་ཡིན།
          རྒྱུས་ལོན་པ་ལྟར་ན། ལྔ་བཅུ་གཉིས་པའི་མཇུག་ཏུ། རྨ་ལྷོ་ཁུལ་གྱིས་རིག་གནས་དཔེ་སྟོན་ཁྱིམ་ཚང་དང་རིག་གནས་ཆེད་ལས་ཁྱིམ་ཚང་འཛུགས་རྒྱུར་འབད་བརྩོན་བྱས་ཏེ། ས་གནས་རིག་གནས་ཁེ་ལས་དང་རིག་གནས་ཆེད་ལས་ཁྱིམ་ཚང་གི་ལས་ཞུགས་མི་སྣ་ཁྲི5ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར10བསྐྲུན་པར་བརྩོན་ལེན་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།