རྔ་བ་ཁུལ་གྱིས་བདམས་སྐྱེལ་བྱས་པའི་སྤྲོ་སྐྱིད་ལྡན་པའི་རྩྭ་ཐང་ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ་པ།
ཟླ1པོའི་ཚེས4ཉིན་གྱི་དགོང་མོར། དཔྱིད་དཔལ་བུ་མོའི་གླུ་དབྱངས་ཞེས་པའི་སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་སྐབས་གསུམ་པའི་རིག་རྩལ་འཁྲབ་སྟོན་དེ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དང་པོ་ནས་གཟབ་རྒྱས་ངང་སྤེལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21དང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་བརྡ་གཏོང་དྲ་བ་ཀུང་ཟི། ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུར་སྐྲུན་ལྟེ་གནས་སོགས་ལས་ཁུངས25འཁྲབ་སྟོན་དུ་ཞུགས་པ་དང་། གླུ་གར་དང་། བཞད་གར། གར་སྟེགས་ཟློས་གར། སྙན་ངག་གྱེར་འདོན་སོགས་འཁྲབ་ཚན26ཡོད།
འཁྲབ་སྟོན་གྱི་མགོ་མཇུག་བར་དུ་ཕུན་སུམ་ཚོགས་པའི་སྒྱུ་སྩལ་གྱི་རྣམ་པ་སྤྱད་ནས་ཉེ་བའི་ལོ་འདི་དག་གི་རིང་ལ་ཞིང་ཆེན་རྒྱང་སྒྲོག་བྱ་བའི་མགྱོགས་མྱུར་འཕེལ་རྒྱས་མངོན་པ་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགྱུར་བྱ་བ་བྱེད་མཁན་གྱི་རླབས་ཆེ་བའི་ཆོད་སེམས་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྟོད་གླུ་བླངས། དཔྱད་འདེམས་པའི་སྐབས་ཐོག་ཏུ་སྐར་མ་བརྒྱབ་ནས་བྱ་དགའ་ཨང་དང་པོ་ལྔ་དང་། ཨང་གཉིས་པ་ལྔ། ཨང་གསུམ་པ་ལྔ། ཕུལ་བྱུང་བྱ་དགའ་བཅུ་གཅིག་བདམས་པ་དང་རྩ་འཛུགས་སྔོན་ཐོན་ལས་ཁུངས་བཅུ་ཡང་བདམས། སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་ཆུ་ཆེན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འཁྲབ་སྟོན་བྱས་པའི་སྤྲོ་སྐྱིད་ལྡན་པའི་རྩྭ་ཐང་ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རྩ་འཛུགས་སྔོན་ཐོན་ལས་ཁུངས་དུ་བདམས་ཐོན་བྱུང་། ད་ཐེངས་ཀྱི་འཁྲབ་སྟོན་འདི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བརྙན་ལེན་ཆ་ཚང་བྱས་ཡོད་པ་དང་། མི་འགྱང་བར་རྒྱ་ཆེ་བའི་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།