logo

མཚོ་སྔོན་མགོ་ལོག་ཁུལ་རྟ་བོ་གནམ་གྲུ་འབབ་ཐང་ད་ལོ་འཛུགས་སྐྲུན་བྱེད་འགོ་རྩོམ་རེ་ཡོད་པ།

རྩོམ་པ་པོ།:ཚེ་རིང་འཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།   དུས་ཚོད།:2012-01-16 ཀློག་གྲངས།:

          ཟླ1པོའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ལས་བསྒྲགས་ཡོང་བའི་གནས་ཚུལ་ལྟར་ན། ད་ལོ། མགོ་ལོག་ཁུལ་རྟ་བོ་གནམ་གྲུ་འབབ་ཐང་ཕལ་ཆེར་ལས་འགོ་རྩོམ་རྒྱུ་རེད།
          མཚོ་སྔོན་ཞིང་ཆེན་གྱིས་མིག་སྔར་བཀོད་སྤྱོད་བྱེད་བཞིན་པའི་གནམ་གྲུ་འབབ་ཐང་སྟེ། ཟི་ལིང་གནམ་གྲུ་འབབ་ཐང་དང་། ན་གོར་མོ་གནམ་གྲུ་འབབ་ཐང་། ཡུལ་ཤུལ་འབའ་ཐང་གནམ་གྲུ་འབབ་ཐང་བཅས་ཡིན། གཞུང་ལམ་སྐྱེལ་འདྲེན་ནི་མིག་སྔའི་མགོ་ལོག་ཁུལ་གྱི་འགྲིམ་འགྲུལ་བྱེད་སྟངས་ཉག་གཅིག་ཡིན་ལ། ས་བབ་ཀྱི་ཆགས་ཚུལ་དང་། ཐོན་སྐྱེད་བྱེད་སྟངས། མི་སྣ་དཀོན་པ་བཅས་ཀྱི་ཤུགས་རྐྱེན་འོག་ཁུལ་ནང་ཁུལ་དུ་ད་ཡོད་གཞུང་ལམ་གྱི་ལམ་ཐག་ཐུང་ཞིང་། འཛུགས་སྐྲུན་གྱི་ཚད་གཞི་དམའ་བ། འགྲིམ་འགྲུལ་གྱི་སྒྲིག་གཞི་གཅིག་རྐྱང་ཡིན་པ། འཛུགས་སྐྲུན་བྱས་ཟིན་པའི་ས་གནས་གཞུང་ལམ་ཡང་རྗེས་སུ་བདག་སྐྱོང་བྱས་པ་མི་བཟང་བའི་རྐྱེན་གྱིས་གོད་ཆགས་ཚབས་ཆེན་ཐེབས་ཡོད་ལ། དུས་མཚུངས་སུ། མགོ་ལོག་ཁུལ་གྱི་ཕྱུགས་ལས་ཐོན་སྐྱེད་ཀྱི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཧ་ཅང་ཞན་པས། གློ་བུར་དུ་དོན་རྐྱེན་ཞིག་བྱུང་ཚེ། མགྱོགས་མྱུར་ངང་ཐག་གཅོད་བྱེད་མི་ཐུབ་པ་དང་། འགན་སྲུང་གི་ནུས་པ་ཞན་པ་བཅས་ཀྱི་དབང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་སྡོམ་ཚབས་ཆེན་ཐེབས་ཡོད་པས། མགྱོགས་མྱུར་སྒོས་མགོ་ལོག་ཁུལ་གྱི་འགྲིམ་འགྲུལ་ལས་དོན་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་སུ་གཏོང་བའི་ཆེད་དུ། མཚོ་སྔོན་ཞིང་ཆེན་གྱིས་མགོ་ལོག་ཁུལ་རྟ་བོ་གནམ་གྲུ་འབབ་ཐང་བསྐྲུན་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཐག་གིས་བཅད་པ་རེད།


འབྲེལ་ཡོད་འོས་སྦྱོར།