logo

《དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར》འགྲེམ་སྤེལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-10 ཀློག་གྲངས།:


མཛད་སྒོ་བསྡུ་བཞིན་པའི་ཡུལ་དངོས།

  ཉེ་སྔོན། 《དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར》འགྲེམ་སྤེལ་མཛད་སྒོ་དཀར་མཛེས་ཁུལ་དུ་བསྡུས་པ་རེད། དཀར་མཛེས་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་ལགས་ཀྱིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ཁོང་གིས་བཤད་རྒྱུར་དུས་རབས་ཕྱེད་ཀའི་ནང་དུ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་གཟི་བྱིན་འབར་བའི་འཕེལ་རིམ་བརྒྱུད་འཛིན་དང་དཀར་མཛེས་ཁུལ་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱལ་གཅེས་ཆོས་མོས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པར་དགོངས་ནས2005ལོའི་སྐབས་དྲུག་པའི་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་དང་པོའི་ཚོགས་གཙོའི་ཚོགས་འདུའི་སྟེང《དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར》རྩོམ་སྒྲིག་བྱེད་རྒྱུའི་ཐག་བཅད་ལ། དེས་དཀར་མཛེས་ཁུལ་གྱི་ནང་བསྟན་ཁྱབ་ཁོངས་སུ་ལོ་རྒྱུས་དེབ་ཐེར་མེད་པའི་སྟོངས་ཆ་བསྐངས། དེར་མ་ཟད་དཀར་མཛེས་ཁུལ་གྱི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་རིག་གནས་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་ཐོན་ཞེས་བརྗོད་པ་རེད།


ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་ལགས་ཀྱིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བཞིན་པ།

  《དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར》འདིས་ཁྲོད་དུ་དཀར་མཛེས་ཁུལ་ནང་བསྟན་གྱི་ལོ་རྒྱུས་འཕོ་འགྱུར་དང་ཁྱབ་ཁོངས་འདིའི་རྒྱལ་གཅེས་ཆོས་མོས་ཀྱི་མཛད་རྗེས་ཆེན་པོ་བཀོད་ཡོད་པར་མ་ཟད། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐོག་མའི་འཛུགས་སྐྲུན་དང་། བར་གྱི་འཕེལ་རྒྱས། དེ་ནས་འཐུས་ཚང་དུ་གྱུར་བའི་འཕེལ་རིམ་བཀོད་ཡོད་པ་རེད། དེབ་ཐེར་འདིས་དཀར་མཛེས་ཁུལ་གྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་བཅས་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་བའི་རྒྱུ་ཆ་འདོན་སྤྲོད་བྱས་ཤིང་། དད་ལྡན་མང་ཚོགས་ཀྱིས་བདག་ཉར་བྱེད་པར་ཡང་རིན་ཐང་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།