སྐབས་དང་པོའི་མཚོ་སྔོན་གྱི་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་རྐྱལ་བའི་ཕུལ་བྱུང་འགྲན་སྡུར་བསྡུས་པ།
འགྲན་ཞུགས་པས་ཧུར་ཐག་གིས་རྨ་ཆུ་འཕྲེད་དུ་རྐྱལ་བཞིན་པ།
ཟླ1པོའི་ཚེས7ཉིན། “མདོ་སྨད་རྨ་ཀློང་དྭངས་མོ”ཞེས་མཚན་གསོལ་ཡོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ“སྐབས་དང་པོའི་ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་རྐྱལ་བའི་ཕུལ་བྱུང་འགྲན་སྡུར”བསྡུས་པ་རེད།
བྱ་འགུལ་འདི་ནི་རྒྱལ་ཡོངས་སུ་ས་བབ་མཐོ་བའི་ཡུལ་དུ་བསྡུས་པའི་དགུན་དུས་ཀྱི་ཆུ་རྐྱལ་ལས་གཞི་གཅིག་པུ་ཡིན་པར་མ་ཟད། འཛམ་གླིང་ཡོངས་སུ་ས་བབ་ཆེས་མཐོ་བའི་ཡུལ་དུ་བསྡུས་པའི་དགུན་དུས་ཀྱི་ཆུ་རྐྱལ་འགྲན་སྡུར་ཞིག་ཀྱང་ཡིན། འགྲན་སྡུར་ཁྲོད་རྒྱལ་ཁབ5དང་རྒྱལ་ནང་གི་ཞིང་ཆེན15ནས་ཐོན་པའི་ལུས་རྩལ་པ30ལྷག་ཞུགས་ཤིང་། འགྲན་ཞུགས་པའི་ཁྲོད་ལོ་ན་ཆེས་ཆེ་བ་ལོ53དང་ཆེས་ཆུང་བ་ལོ14ཡིན་པ་རེད།
སྐབས་འདིའི་འགྲན་སྡུར་ས་བབ་མཐོ་བ་དང་། མཁའ་དབུགས་འཁྱགས་པ། ཆུའི་དྲོད་ཚད་དམའ་བ། ཆུའི་བཞུར་རྒྱུན་འགྱོགས་པ། འགྲན་རྩོད་གྱི་དཀའ་ཁག་ཆེ་བ་བཅས་ཀྱི་ཁྱད་ཆོས་ཀྱིས་རྒྱལ་ཡོངས་ཀྱི་དགུན་དུས་ཆུ་རྐྱལ་ལས་གཞི་ཁྲོད་ཨང་དང་པོར་བརྩི་བཞིན་ཡོད།