logo

སེ་ར་དགོན་པའི་ཞིག་གསོ་ད་ལོའི་ཟླ10བར་ལེགས་འགྲུབ་འབྱུང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-07 ཀློག་གྲངས།:


སེ་ར་དགོན་པ།

  རྒྱུས་ལོན་བྱུང་བ་ལྟར་ན་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་རྒྱབ་རིའི་མདུན་དུ་མངའ་བའི་དགེ་ལུགས་པའི་དགོན་སྡེ་དྲུག་གི་ཡ་གྱལ་སྟེ་སེ་ར་དགོན་པ་དེ2010ལོའི་ཟླ9བར་ཞིག་གསོ་བྱེད་འགོ་བརྩམས་ཤིང་། ད་ལྟ་བདེ་བླག་ངང་ཞིག་གསོ་བྱེད་བཞིན་ཡོད་ལ། བཟོ་གྲྭ་ཡོངས་ད་ལོའི་ཟླ10བའི་ནང་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།
  མིག་སྔར་སེ་ར་དགོན་པའི་མདོ་སྔགས་གྲྭ་ཚང་གསུམ་སྟེ་རྒྱུད་སྟོད་པ་གྲྭ་ཚང་དང་། རྒྱུད་སྨད་པ་གྲྭ་ཚང་། སྔགས་པ་གྲྭ་ཚང་བཅས་ལེགས་འགྲུབ་བྱུང་བ་རེད། ཚོགས་ཆེན་འདུ་ཁང་ཆེན་མོའི་སྔོན་མའི་གྲ་སྒྲིག་ལས་ཀ་ཡོངས་མཇུག་སྒྲིལ་མོད། དགུན་ཁའི་ཁ་དབུགས་གྲང་མོའི་དབང་གིས་ཞིག་གསོའི་ལས་ཀ་དེ་ད་ལོའི་ཟླ3པ་ནས་འགོ་བརྩམས་རྒྱུ་རེད། མཚམས་སྦྱོར་བྱས་པ་ལྟར་ན་ཞིག་གསོ་ལ་མཐིལ་དང་། ལྡེབས་ངོས། ལྕམ་ཤིང་། ཀ་གདུང་། གསེར་ཏོག་སོགས་རིམ་པ་དུ་མར་བགར་པ་རེད།
  སེ་ར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་འགན་ཁུར་བས་བཤད་རྒྱུར་ཞིག་གསོ་བཟོ་གྲྭས་དགོན་པ་དེ་གའི་གྲྭ་བཙུན་ཡོངས་ཀྱི་འཚོ་སྡོད་བྱེད་པའི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་མཉམ་དུ། དད་ལྡན་མང་ཚོགས་ཡོངས་ཀྱི་མཆོད་མཇལ་ལ་སྟབས་བདེ་ཆེན་པོ་བཟོས་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།