logo

སྐུ་འབུམ་དགོན་པས་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་སུ་བསྐྲུན་པར་བརྩོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-05 ཀློག་གྲངས།:


སྐུ་འབུམ་དགོན་པའི་བདེ་གཤེགས་མཆོད་རྟེན་བརྒྱད།

  མིག་སྔར་མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པར་དམིགས་ནས་དགོན་སྡེ་དེ་གས་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་སུ་བསྐྲུན་འགོ་བརྩམས་པ་རེད།
  ཞིང་ཆེན་ཕྱིའི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ《སྐུ་འབུམ་དགོན་པའི་གནས་སྐོར་མཛེས་ལྗོངས་དེ་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་སུ་བསྐྲུན་པའི་འཆར་གཞི》སྒྲིག་བཀོད་བྱས་ཤིང་། གསར་སྐྲུན་རྒྱ་ཁྱོན་དང་མཛེས་ལྗོངས་ཀྱི་ད་ལྟའི་གནས་བབ་དང་། རྩ་བའི་ཆ་རྐྱེན་དང་གསར་སྐྲུན་གྱི་དགེ་མཚན། བར་ཐག་གཙོ་བོ་དང་གསར་སྐྲུན་གྱི་འགན་ཁུར་བཅས་ཕྱོགས་བཞིའི་སྒོ་ནས་འཆར་བཀོད་བྱས། ཧུར་ཐག་གིས5Aརིམ་པར་བསྐྲུན་པར་བརྒྱུད་ནས་སྐུ་འབུམ་དགོན་པའི་མཛེས་ལྗོངས་དེ་སྤྱི་ཚོགས་དང་རང་བྱུང་ཟུང་དུ་སྦྲེལ་བ་དང་། ཆོས་ལུགས་དང་དམངས་སྲོལ་ཟུང་དུ་སྦྲེལ་བ། རིག་གནས་དང་གནས་སྐོར་ཟུང་དུ་སྦྲེལ་བའི་ཆོས་ལུགས་རིག་གནས་གནས་སྐོར་གྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ་རེད།
  འཆར་གཞི་ལྟར་ན་སྐུ་འབུམ་དགོན་པའི་མཛེས་ལྗོངས་དེར་ལེགས་བཅོས་འཆར་གཞི་ཞིག་ཀྱང་བཀོད་ཡོད་པ་སྟེ། གནས་སྐོར་འགྲིམ་འགྲུལ་དང་། སྦྲག་སྲིད། ཕྱོགས་བསྡུས་དོ་དམ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ལེགས་བཅོས་བྱེད་ཕྱོགས་བཏོན། སྐུ་འབུམ་དགོན་པའི་མཛེས་ལྗོངས་དེ་རྒྱལ་ཁབ་ཀྱི5Aརིམ་པར་བསྐྲུན་པའི་བྱ་བ་ད་ལོ་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། སང་ལོར་རྒྱལ་ཁབ་གནས་སྐོར་ཅུའུ་ལ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་སུ་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐུན་པར་ཧུར་བརྩོན་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།