logo

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ལོ་ངོ25ནང་དཔེ་དེབ1300ལྷག་པར་དུ་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-31 ཀློག་གྲངས།:


ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར25ལོན་པའི་བཞུགས་མོལ་ཚོགས་འདུ་བསྡུ་བཞིན་པ།

  ཟླ12པའི་ཚེས30ཉིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར25ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་རེད། བགྲང་བྱ་ཉེར་ལྔའི་རིང་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་ཡིག་རིགས་མང་པོའི་ལམ་ནས་བོད་རིག་པའི་ཞིབ་འཇུག་ཆེད་སྒྲིག་བརྩམས་ཆོས་དང་། གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ལེགས་སྒྲིག  རྒྱལ་ཁབ་ཕྱི་རོལ་གྱི་བོད་དང་འབྲེལ་བའི་བརྩམས་ཆོས་གྲགས་ཅན་ལོ་ཙཱ་དང་མཚམས་སྦྱོར། དེ་མིན་དེང་རབས་བོད་ལྗོངས་བརྗོད་བྱར་བྱས་པའི་བརྩམས་ཆོས་པར་སྐྲུན་བྱས་པ་སོགས་མིག་སྔའི་བར་དུ་དཔེ་དེབ1300ལྷག་པར་དུ་བསྐྲུན་པ་རེད།
  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནི་རང་རྒྱལ་དུ་གཞི་ཁྱོན་ཆེས་ཆེ་བ་དང་། རིག་གཞུང་རིམ་པ་ཆེས་མཐོ་བའི་བོད་འབྲེལ་དཔེ་དེབ་པར་སྐྲུན་བྱེད་པའི་ལས་ཁུངས་ཤིག་ཡིན་ཞིང་། བགྲང་བྱ་ཉེར་ལྔའི་རིང་དུ་རིག་གཞུང་དཔེ་དེབ་མཆོག་ཤོས་བགྲང་ལས་འདས་པ་པར་སྐྲུན་བྱས་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཚར་དུ་དངར་བའི་གྲུབ་འབྲས་མངོན་མཚོན་བྱས་པས། རྒྱལ་ཁབ་ཕྱི་ནང་དུ་གདེང་འཇོག་མཐོན་པོ་ཐོབ་ལ། རང་རྒྱལ་གྱི་བོད་རིག་པའི་ཁྱབ་ཁོངས་ཀྱི་རིག་གཞུང་གྲུབ་འབྲས་དྲིལ་སྒྲོག་དང་། བོད་ལྗོངས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་དཀྲོལ་ཀློག  བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ། རོང་འབྲོག་མང་ཚོགས་ཁྲོད་དུ་ཚན་རིག་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་སོགས་ཕྱོགས་མང་པོ་ནས་མཛད་རྗེས་ཆེན་པོ་བསྐྲུན་པའོ།།


འབྲེལ་ཡོད་འོས་སྦྱོར།