2012ལོར་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-12-30
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན2012ལོར་བོད་ལྗོངས་ཀྱིས་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གནམ་གྲུ་ཐང་སྟེ་ནག་ཆུའི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པས། བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་སྔར་ལས་འཐུས་ཚང་དུ་གྱུར་པ་རེད།
ནག་ཆུའི་གནམ་གྲུ་ཐང་གི་ས་བབ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4436ཡོད་པས། མིག་སྔར་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་སྤང་མདའ་གནམ་གྲུ་ཐང་ལས་སྨི102ཀྱིས་མཐོ་ཞིང་། ཐོག་མར་གཏན་ཁེལ་བྱས་པ་ལྟར་ན་རྒྱ་ཁྱོན་ལ་མུའུ3500ནས་མུའུ4000ཡོད་པའི་རིམ་པ4Dཅན་གྱི་གནམ་གྲུ་ཐང་ཞིག་འཛུགས་སྐྲུན་བྱེད་གྲབས་ཡོད་པ་རེད།
“འཛམ་གླིང་སྟེང་འཕུར་བསྐྱོད་ཆེས་དཀའ་བའི་གནམ་གྲུ་ཐང”སྟེ་ཉིང་ཁྲིའི་གནམ་གྲུ་ཐང་བདེ་བླག་ངང་སྤྱོད་པ་ནས་ལྷ་ས་དང་བར་ཐག་ཆེས་རིང་བའི་མངའ་རིས་གནམ་གྲུ་ཐང་དང་། སའི་ཐོན་ཁུངས་ཀྱི་དྲོད་ནུས་གཙོར་བྱས་ཐོག་ཉི་འོད་ཀྱི་ནུས་པ་ལ་བརྟེན་པའི་ནུས་གྲོན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་གཞིས་ཀ་རྩེའི་གནམ་གྲུ་ཐང་ནས་ལོ་ཕྱི་མར་འཛུགས་སྐྲུན་བྱེད་གྲབས་ཡོད་པའི་ནག་ཆུའི་གནམ་གྲུ་ཐང་བཅས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7ཡོངས་སུ་གནམ་གྲུ་ཐང་བཟོ་བཀོད་བྱས་ཚར་པས་འགྲིམ་འགྲུལ་གྱི་བཀག་རྐྱེན་སེལ་ཐུབ་པ་བྱུང་།
དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་བོད་ལྗོངས་མི་དམངས་མཁའ་འགྲུལ་ཀུང་ཟིས་ལྷ་ས་ལྟེ་བར་བྱས་པ་དང་། ཆབ་མདོ་དང་ཉིང་ཁྲི་བཅས་ས་ཚུགས་གཙོ་བོར་བྱས་པ། ཁྲིན་ཏུའུ་དང་ཁྲུང་ཆིན་གཉིས་བོད་དུ་བསྐྱོད་པའི་སྒོ་མོར་བྱས་པ་བཅས་མཁའ་ལམ་མང་པོ་བཏོད་ནས་རྒྱལ་ནང་གི་གྲོང་ཁྱེར་མང་པོའི་མཁའ་ལམ་གྱི་དྲ་རྒྱ་མཉམ་འབྲེལ་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།