ཀན་ལྷོ་ཁུལ་གླུ་གར་ཚོགས་པ་པེ་ཅིང་དུ་སོང་ནས་རིག་གནས་གནས་སྐོར་ཁྱབ་སྒྲོག་བྱེད་པ།
བོད་ཀྱི་སྲོལ་རྒྱུན་གྱི་གདོང་འབག་ཞབས་བྲོ《བཀྲ་ཤིས་བུམ་པ》འཁྲབ་སྟོན་བྱེད་བཞིན་པ།
ཟླ12པའི་ཚེས29ཉིན་ནས2012ལོའི་ཟླ1པོའི་ཚེས8ཉིན་བར་དུ། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་པེ་ཅིང་དུ་ཀན་ལྷོའི་ཕུན་སུམ་ཚོགས་པོའི་གནས་སྐོར་རིག་གནས་ཐོན་ཁུངས་དང་དམངས་སྲོལ་རིག་གནས་ཁྱབ་སྒྲོག་བྱས་ཏེ་ཀན་ལྷོའི་གནས་སྐོར་ཀྱི་སྣང་བརྙན་ཇེ་ལེགས་སུ་བཏང་།
ཐེངས་འདིར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིན་དྲན་པ་དང་། འཆམ་མཐུན། རྟེན་འབྲེལ་བཅས་བརྗོད་དོན་དུ་བྱས་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ལེ་ཚན་ལེགས་སྒྲིག་བྱས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལེ་ཚན་གྱི་ཁྲོད་དུ་ཀན་ལྷོ་དམངས་ཀུན་གྱིས་རྒྱལ་ཡོངས་མི་དམངས་ཀྱིས་འབྲུག་ཆུར་ཆུ་ལོག་རྒྱུག་པའི་གནོད་འཚེ་ཁྲོད་རོགས་སྐྱོར་དང་ཐུགས་ཁུར་གནང་བར་སེམས་འགུལ་ཐེབས་པའི་བསམ་པ་མཚོན་པར་བྱས་པ་དང་མཉམ་དུ། འབྲུག་ཆུའི་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་རླབས་ཆེན་གྲུབ་འབྲས་དང་། ལྷག་པར་དུ་ཀན་ལྷོའི་རིག་གནས་མཚམས་སྦྱོར་བྱས་ཏེ་ཡུལ་དེའི་གྱ་ནོམ་པའི་མི་རིགས་རིག་གནས་དང་། ཡུལ་ཁོངས་ཀྱི་སྲོལ་ལུགས། ཁྱད་དུ་འཕགས་པའི་གནས་སྐོར་ཐོན་རྫས་བཅས་མངོན་མཚོན་བྱས་ཡོད་པ་རེད།
དམངས་གླུ་ལེན་བཞིན་པ།
ཀན་ལྷོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་ཕྱོགས་སུ་མངའ་ཞིང་བོད་རྒྱ་རིག་གནས་གཉིས་ཟུང་དུ་འབྲེལ་བའི་ཡུལ་ཁམས་ཤིག་ཡིན། ཡུལ་དེའི་རང་བྱུང་གི་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པོའི་དམངས་སྲོལ། རྫོངས་སྟུག་པོའི་ཆོས་ལུགས་རིག་གནས་སོགས་ཀྱིས་ཡིད་ཀྱི་བརྟན་པ་འཕྲོག་པའི་དཔལ་དང་ལྡན་པས“ཤམ་བྷ་ལ”ཞེས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།
ཀན་ལྷོ་ཁུལ་གྱིས་རྩ་ཐང་གི་མཛེས་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་རིག་གནས། སྐྱེ་ཁམས་གནས་སྐོར་བཅས་གཙོ་གནད་དུ་བཟུང་སྟེ་ཀན་ལྷོའི་ཁྱད་ཆོས་ཀྱིས་ཕྱུག་པའི་གནས་སྐོར་བགྲོད་ལམ་ལ་བརྟེན་ནས“ཁྱད་དུ་འཕགས་པའི་ཀན་ལྷོའི་ཤམ་བྷ་ལ”ཞེས་པའི་གནས་སྐོར་མཚོན་རྟགས་ཀྱི་མཚན་སྙན་དབྱར་རྔའི་ཟླ་བཞིན་ཕྱོགས་ཀུན་ཏུ་རྒྱས་སུ་བཅུག
གཟབ་འཆོར་གྱིས་སྤྲས་ནས《ལོ་སར》ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།