ཧུའུ་ནན་དུ་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་པ།
གཟིགས་མོ་བས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་ལྟ་བཞིན་པ།
ཟླ12བའི་ཚེས28ཉིན། ཧུའུ་ནན་ཞིང་ཆེན་གྱི་དངོས་མང་བཤམས་སྟོན་ཁང་དུ“སངས་རྒྱས་ཆོས་ལུགས་ཀྱི་འོད་སྟོང་ལས་འཚོ་བའི་ངོ་མཚར་བོད་ཡུལ”ཞེས་པའི་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས130ལྷག་འདུས་པའི་འགྲེམ་སྟོན་བྱ་འགུལ་ཞིག་སྤེལ་ཞིང་། དེ་ནི་བོད་ཀྱི་མིང་གྲགས་དགོན་པ10དང་དངོས་མང་བཤམས་སྟོན་ཁང་སྟེ། ནོར་བུ་གླིང་ག་དང་ཕོ་བྲང་པོ་ཏ་ལ། ལྷ་སའི་དངོས་མང་བཤམས་སྟོན་ཁང་སོགས་སུ་ཡོད་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་དག་ཡིན་པ་རེད།
གཟིགས་མོ་བས་འགྲེམ་སྟོན་ལ་རོལ་མྱོང་བྱེད་པ།
རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་འདི་ནི་ཧུའུ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཅུའུ་སོགས་མཉམ་འབྲེལ་སྒོས་རྩ་འཛུགས་དང་གཙོ་སྒྲུབ་གནང་བ་ཞིག་ཡིན་པ་དང་། དུས་ཡུན་ཟླ12བའི་ཚེས28ནས2012ལོའི་ཟླ4བའི་ཚེས1བར་འགྲེམ་སྟོན་བྱེད་རྒྱུ་ཡིན་པར་བརྗོད།
ཆིན་རྒྱལ་རབས་སྐབས་ཀྱི་མ་ཎི་འཁོར་ལོ་ཞིག
དེར་ལྷ་སྐུ་དང་། ཐང་ག གནའ་དཔེ། ཆོས་ལུགས་སུ་བཀོལ་བའི་སྒྲ་བརྙན་སྤྱོད་ཆས། ཟློས་གར་གྱོན་ཆས། གདོང་འབག་སོགས་སྣ་མང་ཕུན་སུམ་ཚོགས་ཤིང་འདས་བའི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་འགངས་ཆེན་དག་ཡིན་ལ། འདིའི་ཁྲོད་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས40ལྷག་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་རེད།
ཟློས་གར་གྱོན་ཆས།
བཤམས་སྟོན་འདི་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། སྣ་མང་འཚོ་བའི་ཆ་དང་། རིག་གནས་ཀྱི་ཆ། སྒྱུ་རྩལ་དང་ཆོས་ལུགས་དད་མོས་ཀྱི་ཆ་བཅས་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་དང་། རིག་གནས་སྒྱུ་རྩལ་སོགས་ལ་མང་ཚོགས་རྣམས་ཀྱིས་རྒྱུས་ལོན་ཟབ་མོ་ཞིག་བྱེད་པར་ཆེད་དུ་ཐེངས་འདིའི་བྱ་འགུལ་སྤེལ་པ་རེད།