མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་གསར་འགྱུར་མཉམ་སྒྲོག་ལེ་ཚན་དུས་ལྟར་བསྒྱུར་སྒྲོག་བྱེད་པ།

ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་མཉམ་སྒྲོག་ལེ་ཚན་མཚོ་སྔོན་བོད་སྐད་བརྙན་
འཕྲིན་དུ་དུས་ལྟར་ཉིན་ཧྲིལ་བོར་བསྒྱུར་སྒྲོག་མངོན་འགྱུར་བྱུང་བ།
དུས་ཡུན་ཉིན22ལྷག་གི་མཉམ་སྒྲོག་ཚོད་ལྟ་བརྒྱུད། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་ཟླ12བའི་ཚེས23ཉིན་དངོས་སུ་ཀྲུང་དབྱང་བརྙན་འཕྲིན་གྱི《གསར་འགྱུར་མཉམ་སྒྲོག》ལེ་ཚན་ཉིན་ཧྲིལ་བོར་དུས་ལྟར་བསྒྱུར་སྒྲོག་བྱས་པ་རེད།
བོད་སྐད་བརྙན་འཕྲིན་གྱི་དྲིལ་སྒྲོག་ནུས་ཤུགས་དྲག་ཏུ་གཏོང་བ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ཐོན་ཁུངས་བསྡུ་སྒྲིག་བྱེད་པ་བརྒྱུད་དེ་སྔོན་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་མཉམ་སྒྲོག་ལེ་ཚན་སྐར་མ20ཡི་རྒྱལ་ནང་གསར་འགྱུར་བསྒྱུར་བ་དང་ཉིན་གཉིས་པར་མཉམ་སྒྲོག་བྱེད་པའི་རྣམ་པ་ཡོངས་སུ་བསྒྱུར་ཞིང་། ཟླ12བའི་ཚེས1ཉིན་ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་མཉམ་སྒྲོག་ལེ་ཚན་དངོས་སུ་ཉིན་ཧྲིལ་བོར་དུས་ལྟར་བསྒྱུར་སྒྲོག་བྱེད་པ་རེད།
ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་མཉམ་སྒྲོག་ལེ་ཚན་མཚོ་སྔོན་བོད་སྐད་བརྙན་འཕྲིན་དུ་དུས་ལྟར་ཉིན་ཧྲིལ་བོར་བསྒྱུར་སྒྲོག་མངོན་འགྱུར་བྱུང་བ་འདིས་མུ་མཐུད་དུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དེ་རྒྱལ་ཁབ་ཕྱི་ནང་དུ་གཙོ་ཁྲིད་ཀྱི་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་སོགས་འཕེལ་རྒྱས་འབྱུང་བར་དགེ་མཚན་ཆེ་བར་ཡོད།

ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་མཉམ་སྒྲོག་ལེ་ཚན་མཚོ་སྔོན་བོད་སྐད་བརྙན་
འཕྲིན་དུ་དུས་ལྟར་ཉིན་ཧྲིལ་བོར་བསྒྱུར་སྒྲོག་མངོན་འགྱུར་བྱུང་བ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་བརྙན་འཕྲིན་ནི་བོད་ལྗོངས་བརྙན་འཕྲིན་རྗེས་ཀྱི་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་སྟེ་བཙུགས་པའི་རྒྱལ་ཡོངས་བོད་སྐད་བརྙན་འཕྲིན་གཉིས་པ་ཡིན་པ་མ་ཟད། རྒྱལ་ཡོངས་ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་ཁྲོད་ཨ་མདོའི་སྐད་སྤྱོད་པའི་བརྙན་འཕྲིན་ལས་ཁུངས་ཉག་ཅིག་ཡིན། དེ་ཡང2006ལོའི་ཟླ2པར་མཉམ་སྒྲོག་དངོས་སུ་འགོ་བཙུགས་པ་ནས་བཟུང་བོད་ཀྱི་རིག་གནས་བརྒྱུད་སྒྲོག་ལྟེ་གནས་གལ་ཆེན་ཤིག་ཏུ་གྱུར་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་སྔའི་བར་བོད་སྐད་ལེ་ཚན་ཉིན་མོར་གཏོང་བའི་དུས་དེ་སྔོན་མའི་ཆུ་ཚོད3ནས་ད་ལྟ་ཆུ་ཚོད16ལ་སླེབས་ཤིང་། ལེ་ཚན་ནང་དོན་ཐད་ནས་རྒྱལ་ཡོངས་དང་ཡ་གླིང་། ཞི་བདེ་རྒྱ་མཚོ་ཆེན་མོ། དེ་མིན་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོགས་ཀྱི་རིག་གནས་སྣང་ཚུལ་གང་མང་ཁེབས་ཡོད་པ་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། བོད་ལྗོངས་སོགས་ཀྱི་ཨ་མདོའི་སྐད་སྤྱོད་པའི་ས་ཁུལ་སོགས་སུ་ཁྱབ་ཅིང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་གཟིགས་མཁན་མི2600000ལྷག་ཡོད་པར་བཤད།
