རབ་མཛེས་མཚོ་སྔོན་པོ་ཞེས་པ་ཧྥ་རན་སི་མཐོ་རིམ་དུས་དེབ《REGIONS》སྟེང་བཀོད་པ།
ཉེ་ལམ། མཚོ་སྔོན་པོའི་རང་བྱུང་ཡུལ་ལྗོངས་དང་དུས་ཆེན་བྱ་འགུལ། མི་རིགས་ཡུལ་སྲོལ། སྲོག་ཆགས་ནུས་ཁུངས་སོགས་མཚོན་པའི་རབ་མཛེས་པར་རིས་སྐོར་ཞིག་ཧྥ་རན་སིའི་མཐོ་རིམ་དུས་དེབ《REGIONS》སྟེང་བཀོད་པ་དང་། མཚོ་སྔོན་པོའི་རང་བྱུང་དང་སྐྱེ་ཁམས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་མཛེས་སྡུག་འགྲེམ་སྤེལ་བྱས་པ་བརྒྱུད། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་ཕྱི་ཕྱོགས་དྲིལ་སྒྲོག་དང་རྒྱལ་སྤྱིའི་གནས་སྐོར་ཚོང་ར་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་བྱེད་ཐུབ་པ་བྱུང་།
ཧྥ་རན་སིའི་དུས་དེབ《REGIONS》ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་ས་ཁུལ་སོ་སོ་ལ་ཁ་ཕྱོགས་ཏེ། ས་གནས་བར་གྱི་བསམ་བློ་བརྗེ་རེས་བྱེད་པའི་དུས་དེབ་ཅིག་ཡིན། དུས་དེབ་ཀྱི་ཀློག་མཁན་ནི་རྒྱལ་ཁབ་གྲོས་ཚོགས་གཉིས་ཀྱི་གྲོས་མི་དང་། ས་གནས་ཀྱི་གྲོས་མི། ཀུང་ཟི་སོ་སོའི་མཐོ་རིམ་འཇོན་མི་སོགས་ཡིན་པ་དང་། ནང་དོན་ལ་གཙོ་བོ་ནུས་ཁུངས་དང་འགྲིམ་འགྲུལ། གནས་སྐོར། བརྡ་འཕྲིན་ཐོན་ལས་སོགས་ཐོན་ལས་ཁྱད་ཆོས་འདུས། མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དེ་དྲིལ་སྒྲོག་པར་རིས་དུས་དེབ་འདིའི་སྟེང་བཀོལ་རྗེས། ཧྥ་རན་སིའི་ལུའུ་ཝ་ཀུའུ་ས་ཁུལ་གྱི་ཀྲུའུ་ཞིས་དུས་དེབ་ཁང་འདི་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་བརྡ་འཕྲིན་རྒྱུས་ལོན་བྱེད་ཀྱིན་ཡོད།