logo

ལྷ་སའི་མེ་འཁོར་འབབ་ཚིགས་ཀྱིས་དྲ་ཐོག་ནས་སྤ་སེ་བཙོང་འགོ་ཚུགས་པ།

རྩོམ་པ་པོ།:ལོ་ལོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-18 ཀློག་གྲངས།:


ལྷ་སའི་མེ་འཁོར་འབབ་ཚིགས།

  སྤྱི་ཟླ12པའི་ཚེས10ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱི་ཐད་གཏོང་མྱུར་བགྲོད་མེ་འཁོར་ཡོངས་དྲ་ཐོག་ནས་སྤ་སེ་བཙོང་ཐུབ་པ་བྱུང་ཞིང་། ལྷ་སའི་མེ་འཁོར་འབབ་ཚིགས་སུའང་ཚེས10ཉིན་ནས་བཟུང་དྲ་ཐོག་ཏུ་སྤ་སེ་བཙོང་འགོ་བརྩམས་པ་རེད།
  ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་ལྷ་སའི་མེ་འཁོར་འབབ་ཚིགས་ལ་དབང་བའི་དྲ་ཐོག་ཏུ་སྤ་སེ་བཙོང་བའི་ཆ་རྐྱེན་དང་མཐུན་པའི་མེ་འཁོར་ལྔ་ཡོད་པ་སྟེ། ལྷ་ས་ནས་ཧྲང་ཧའེ་བར།(T166/T163)  ལྷ་ས་ནས་ཁྲུང་ཆིན་བར།(T224/T221)  ལྷ་ས་ནས་ཁྲིན་ཏུའུ་བར།(T24/T21)  ལྷ་ས་ནས་ཀོང་ཀྲུའུ་བར།(T226/T263)  ལྷ་ས་ནས་པེ་ཅིང་མེ་འཁོར་འབབ་ཚིགས་ནུབ་མ་བར(T28)གྱི་མེ་འཁོར་བཅས་དྲ་ཐོག་ནས་སྤ་སེ་ཉོ་ཐུབ་པས། འགྲུལ་པ་རྣམས་ཕྱི་རོལ་དུ་བསྐྱོད་པར་སྟབས་བདེ་ཆེན་པོ་བསྐྲུན་པ་རེད།
  སྤ་སེ་མངགས་ཉོ་བྱས་རྗེས་འགྲུལ་པ་རྣམས་ཀྱིས་གྲོང་མིའི་ཐོབ་ཐང་ལག་འཁྱེར་བཟུང་ནས་མེ་འཁོར་མ་བཏང་གོང་འབབ་ཚིགས་སུ་སྤ་སེ་བླངས་རྗེས་མེ་འཁོར་དུ་འདུག་ཆོག་པ་རེད།


འབྲེལ་ཡོད་འོས་སྦྱོར།